མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སུ་གཅིག་བསྡུས་ཐོག་གསར་སྤེལ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་གནས་ཚུལ་བཅོས་སྐྱོང་བྱ་རྒྱུ་ཡིན་པ།

རྩོམ་པ་པོ། རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-13 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས་༡༢ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་པར། རྒྱལ་ཡོངས་སུ་གཅིག་བསྡུས་ཐོག་ནས་གསར་སྤེལ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ཁྲིམས་ལུགས་དང་སྒྲིག་སྲོལ་ལས་འགལ་བའི་གནས་ཚུལ་བཅོས་སྐྱོང་བྱ་རྒྱུ་ཡིན་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་རེད། ཉེ་བའི་ལོ་ཤས་ནང་བྱུང་བའི་དོན་རྐྱེན་ཚབས་ཆེན་མང་པོ་སྟེ་དཔེར་ན། ཅི་ལིན་ཞིང་ཆེན་ཏི་ཧེན་གྲོང་ཁྱེར་གྱི་པའོ་ཡོན་ཧྥན་བྱ་རིགས་ཀུང་སིའི་སྤྱི་ཟླ་དྲུག་པའི་ཚེས་གསུམ་ཉིན་གྱི་མེ་སྐྱོན་དོན་རྐྱེན་དང་། ཧྲན་ཏུང་ཞིང་ཆེན་ཆིང་ཏོང་གྲོང་ཁྱེར་གྱི་སྤྱི་ཟླ་བཅུ་གཅིག་གི་ཚེས་ཉེར་གཉིས་ཉིན་གྱི་སྣུམ་འདྲེན་ལྕགས་མདོང་འབར་གས་དོན་རྐྱེན། ད་དུང་ཉེ་ཆར་བྱུང་བའི་ཁོན་ཧྲན་གྱི་སྤྱི་ཟླ་བརྒྱད་པའི་ཚེས་གཉིས་ཉིན་གྱི་འབར་གས་དོན་རྐྱེན་ཚབས་ཆེན་བཅས་ཚང་མ་གསར་སྤེལ་ཁུལ་དུ་བྱུང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡུན་ལྷན་ཁང་གཞུང་ལས་ཁང་གིས་གསར་སྤེལ་ཁུལ་གྱི་ཁེ་ལས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། གསར་སྤེལ་ཁུལ་གྱི་ཁེ་ལས་ཀྱི་མ་དངུལ་ཡོང་ཁུངས་ཕྱི་ནང་གང་ཡིན་དང་། དབང་བའི་ལམ་ལུགས་གང་ཡིན་པ། ཆེ་འབྲིང་ཆུང་གསུམ་གང་ཡིན་པ། ཀྲུང་དབྱང་ཁེ་ལས་དང་ས་གནས་ཁེ་ལས་གང་ཡིན་པ་བཅས་ལ་མི་བལྟ་བར། ཁེ་ལས་ཚང་མར་ཚད་གཞི་གཅིག་བཟུང་ནས་ཁྲིམས་འཛིན་ནན་པོ་བྱས་ཏེ། ཁེ་ལས་ཀྱིས་བདེ་འཇགས་ལམ་ལུགས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བྱ་དགོས་ཞེས་ནན་བཤད་གནང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག