མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་སྲིད་པུའུ་ཡིས་༢༠༡༤ལོའི་ཟླ་དང་པོ་ནས་བདུན་པའི་བར་གྱི་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-13 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་ཡིས་སྤྱི་ཚེས་བཅུ་གཅིག་ཉིན་སྤྱི་ལོ༢༠༡༤ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་གྱི་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཁྱབ་བསྒྲགས་བྱས་ཡོད་པ་རེད། གྲངས་གཞི་ལས་གསལ་བར། ཟླ་བ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་བརྒྱད་ཁྲི་བདུན་སྟོང་སུམ་བརྒྱ་བྱུང་བ་དང་། དེ་ན་ནིང་གི་དུས་མཚུངས་ལས་སྒོར་དུང་ཕྱུར་དྲུག་སྟོང་བརྒྱད་བརྒྱ་དྲུག་བཅུ་ཡིས་མང་བ་ཡོད་པ་དང་། འཕར་ཚད་བརྒྱ་ཆ་བརྒྱད་དང་གྲངས་ཆུང་ལྔ་ཟིན་ཡོད་པ་རེད། དེ་དག་ཁྲོད་ཀྲུང་དབྱང་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་བཞི་ཁྲི་སྟོང་མེད་དྲུག་བརྒྱ་དྲུག་ཅུ་རེ་གསུམ་ཟིན་པ་དང་། དེ་དུས་མཚུངས་ལས་བརྒྱ་ཆ་དྲུག་འཕར་ཡོད་པ། ས་ཁུལ་གྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་བཞི་ཁྲི་དྲུག་སྟོང་དྲུག་བརྒྱ་སུམ་ཅུ་སོ་བདུན་ཟིན་པ་དང་། དེ་དུས་མཚུངས་ལས་བརྒྱ་ཆ་བཅུ་འཕར་ཡོད།

ཟླ་བ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་བདུན་ཁྲི་དགུ་སྟོང་བཞི་བརྒྱ་བཅུ་ཟིན་པ་དང་། དེ་དུས་མཚུངས་ལས་བརྒྱ་ཆ་བཅོ་ལྔ་འཕར་ཡོད་པ་རེད།

ནོར་སྲིད་པུའུ་ཡིས་དབྱེ་ཞིབ་བྱས་པར། མ་འོངས་པའི་ཟླ་བ་ཁ་ཤས་རིང་། གཉེར་ཁྲལ་འཕར་ཁྲལ་ལ་བསྒྱུར་བའི་ནང་དཔྱ་ཁྲལ་ཡོང་འབབ་ཆག་པ་དང་། ན་ནིང་ཡོང་འབབ་ཀྱི་གཞི་གྲངས་རིམ་པས་འཕར་བ་སོགས་ཀྱི་རྒྱུ་རྐྱེན་གྱི་རྐྱེན་གྱིས། ཀྲུང་དབྱང་ནོར་སྲིད་ཀྱི་ཡོང་འབབ་འཕར་རྒྱུར་སྔར་བཞིན་དཀའ་ངལ་འཕྲད་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག