མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལུའུ་ཏན་གྱི་ཡོམ་འགོག་གནོད་སེལ་དཔུང་སྡེས་ཉིའུ་ལན་ཅང་གཙང་པོའི་འགག་འཁྱིལ་མཚེའུའི་ཆུ་འདྲེན་ཡུར་བུ་བཤངས་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-13 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། ཡུལ་དམག་གྲ་སྒྲིག་དམག་ཞབས་དཔུང་སྡེའི་དཔོན་དམག་༡༡༠༠ལྷག་གིས་ཉིན་༧རིང་ཛ་དྲག་ངང་འབད་འཐབ་བྱས་པ་བརྒྱུད། ལུའུ་ཏན་ས་ཡོམ་གནོད་འཚེའི་ཁུལ་གྱི་ཉིའུ་ལན་ཅང་གཙང་པོའི་འགག་འཁྱིལ་མཚེའུའི་ཆུ་འདྲེན་ཡུར་བུ་སྤྱི་ཚེས་༡༢ཉིན་གྱི་ཆུ་ཚོད་༡༧ཁྱོན་ཡོངས་ནས་བཤངས་ཐུབ་པ་བྱུང་ཡོད་པ་རེད།

ཡུན་ནན་ལུའུ་ཏན་དུ་ས་ཡོམ་རིམ་པ་༦.༥བརྒྱབ་རྗེས། རི་ཉིལ་བས་ཉིའུ་ལན་ཅང་གཙང་པོའི་སྟེང་འགག་འཁྱིལ་མཚེའུ་ཆེན་པོ་ཞིག་ཆགས་སྟེ། མཐའ་འཁོར་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད། ཁྲེན་ཏུའུ་དམག་ཁུལ་ཁང་ཡོམ་འགོག་གནོད་སེལ་མཉམ་འབྲེལ་བཀོད་འདོམས་པུའུ་ཡིས་སྤྱི་ཟླ་༨པའི་ཚེས་༦ཉིན་འགག་འཁྱིལ་མཚེའུའི་སྟེང་འཐབ་ས་མདུན་མའི་བཀོད་འདོམས་ཚོགས་ཆུང་བཙུགས་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཆུ་གློག་བཀོད་འདོམས་པུའུ་དང་། ཚོགས་པ་༡༣པའི་ལས་གཞིའི་དམག་གི་ཐོན་ཤོག་ག་གེ་མོ། ཡུན་ནན་ཞིང་ཆེན་དམག་ཁུལ་ཁང་ཆུད་ཅན་ཡན་ལག་དམག་ཁུལ་ཁང་སོགས་ཀྱི་དཔོན་དམག་༡༡༠༠ལྷག་ལས་གྲུབ་པའི་འགག་འཁྱིལ་མཚེའུའི་ཉེན་སེལ་ཆེད་དོན་འགན་འཁྲིའི་ཁུལ་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་ཉེན་སེལ་ལས་དོན་བསྒྲུབས་ཡོད། ཁྲེན་ཏུའུ་དམག་ཁུལ་ཁང་ཡོམ་འགོག་གནོད་སེལ་མཉམ་འབྲེལ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ལེང་ཏུང་ཁྲུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། གོམ་སྟབས་རྗེས་མར་ཡོམ་འགོག་གནོད་སེལ་དཔུང་སྡེས་ས་གནས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག མུ་མཐུད་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བཀོད་སྒྲིག་དང་། ཉེན་ཁ་ཆེ་བའི་ཁང་པ་ཞིག་པ། སྨན་བཅོས་འཕྲོད་བསྟེན་རིམ་འགོག་སོགས་ཡོམ་འགོག་གནོད་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ཡོམ་འགོག་གནོད་སེལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག