མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«སྲིད་འཛིན་ཞིབ་མཆན་ལས་གཞི་སྐོར་ཞིག་མེད་པར་གཏོང་བ་དང་སྙོམས་སྒྲིག་བྱེད་པའི་སྐོར་གྱི་གཏན་འཁེལ»འགྲེམ་སྤེལ་བྱས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 09:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«སྲིད་འཛིན་ཞིབ་མཆན་ལས་གཞི་སྐོར་ཞིག་མེད་པར་གཏོང་བ་དང་སྙོམས་སྒྲིག་བྱེད་པའི་སྐོར་གྱི་གཏན་འཁེལ»འགྲེམ་སྤེལ་བྱས་ཏེ། སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་དོན་ཞེ་ལྔ་ཡང་བསྐྱར་མེད་པར་བཏང་བ་དང་ཆོག་མཆན་འགོད་པའི་དབང་ཆ་བྱིན་ཞིང་། ལས་རིགས་བཅུ་གཅིག་གི་ཐོབ་ཐང་ཁས་ལེན་མེད་པར་བཏང་བ་དང་། ལས་དོན་སོ་གཅིག་གི་བཟོ་ཚོང་ཐོ་འགོད་སྔོན་གྱི་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་དེ་རྗེས་སུ་ཞིབ་བཤེར་ཆོག་མཆན་འགོད་པར་བསྒྱུར་རྒྱུ་རེད།

ཐེངས་འདིར་མེད་པར་བཏང་བ་དང་དབང་ཆ་གནང་བའི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་ལས་དོན་ཁྲོད་དུ་དངུལ་གཏོང་ལས་སྤེལ་ལས་ཞུགས་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་ལས་གཞི་སུམ་ཅུ་ཙམ་ཡོད་པ་དང་། སྤྱི་ཚོགས་རྩ་འཛུགས་དང་ལས་དོན་ལས་ཁུངས་ཀྱི་བྱེད་སྒོའི་བྱ་འགུལ་ལ་འབྲེལ་བ་ཡོད་པའི་ལས་གཞི་བཅུ་དང་ཁེ་ལས་ཀྱི་ཐོབ་ཐང་ལ་འབྲེལ་བ་ཡོད་པའི་ལས་གཞི་ལྔ་བཅས་ཡོད།

ཐེངས་འདིར་བཟོ་ཚོང་གི་ཐོ་འགོད་སྔོན་གྱི་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་དེ་རྗེས་སུ་ཞིབ་བཤེར་ཆོག་མཆན་འགོད་པར་བསྒྱུར་བའི་ཁྱབ་ཁོངས་གཙོ་བོ་ནི་ཐོན་སྐྱེད་དང་བདག་གཉེར་ཞབས་ཕྱིའི་ལས་རིགས་ཡིན་ལ། ལས་དོན་དེ་དག་རྗེས་སུ་ཞིབ་བཤེར་ཆོག་མཆན་འགོད་པར་བསྒྱུར་ན་ལས་སྤེལ་དངུལ་གཏོང་སྟབས་བདེ་ཅན་དུ་བསྒྱུར་ཞིང་ལས་ཞུགས་ལས་སྤེལ་གསར་སྐྲུན་གྱི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་སོགས་ལ་ཕན་པ་ཡོད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག