མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དམག་དཔུང་ཡོངས་ཀྱི་ཚན་མུའུ་ཀྲང་གྲོས་ཚོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-23 10:47

习近平接见全军参谋长会议代表.jpg

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་དམག་དཔུང་ཡོངས་ཀྱི་ཚན་མུའུ་ཀྲང་གྲོས་ཚོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་དམག་དཔུང་ཡོངས་ཀྱི་ཚན་མུའུ་ཀྲང་གྲོས་ཚོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

    ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཞི་ཅིན་ཕེན་སོགས་མགོ་ཁྲིད་བློ་མཐུན་ཅིན་ཞི་མགྲོན་ཁང་དུ་ཕེབས་ཏེ་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་གྲོས་ཚོགས་ཀྱི་འཐུས་མི་དང་གཟེངས་བསྟོད་ཐོབ་པའི་དམག་དཔུང་ཡོངས་ཀྱི་ཕུལ་བྱུང་ཇུས་འགོད་ཤེས་ལྡན་མི་སྣ་དང་འཁྲབ་ཞུགས་དམག་དཔུང་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་ཏུ་བཞག

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དམག་སྤྱིའི་ལས་ཁུངས་ནི་དམག་དཔུང་གི་བཀོད་འདོམས་བྱེད་ས་གཙོ་བོ་ཡིན་པའི་ཆ་ནས་དམག་དོན་འཛུགས་སྐྲུན་དང་དམག་དོན་འཐབ་རྩོད་གྲ་སྒྲིག་ཕྱོགས་སུ་འགན་འཁྲི་གལ་ཆེན་འཁུར་ཡོད། ཉེ་བའི་ལོ་འགའི་རིང་ལ། དམག་དཔུང་ཡོངས་ཀྱི་རིམ་པ་སོ་སོའི་དམག་སྤྱིའི་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་མཛུབ་སྟོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་པ་དང་། དམག་དོན་འཛུགས་སྐྲུན་དང་དམག་དོན་འགུལ་སྐྱོད་ཐད་ལ་འཆར་འགོད་དང་རྩ་འཛུགས་ཞིབ་མོ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ལས་འགན་གལ་ཆེན་སྣ་ཚོགས་ཡོངས་འགྲུབ་བྱས་པར་མ་ཟད། རང་སྟེང་གི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་གསར་བ་དང་དམག་དོན་འཐབ་རྩོད་གྲ་སྒྲིག་གི་རེ་བ་གསར་བར་དམིགས་ཏེ། ངེས་པར་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་འཐབ་འཁྲུག་ལ་མཁས་པའི་རྣམ་པ་གསར་བའི་དམག་སྤྱི་ཆེན་མོའི་ལས་ཁུངས་འཛུགས་སྐྲུན་བྱེད་དགོས་པ་དང་། དམག་དོན་བྱ་བའི་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། བཀོད་འདོམས་དམག་དཔུང་གིས་ཆ་འཕྲིན་ཅན་གྱི་འཐབ་འཛིང་ཐད་ནས་རྒྱལ་ཁབ་ལེན་པའི་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག