མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བར་བདམས་པའི་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-23 10:47

习近平会见崔世安.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བར་བདམས་པའི་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བར་བདམས་པའི་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་ཚུའེ་ཧྲི་ཨན་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་བཞི་བར་བདམས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། དེང་སྐབས་ཨོ་མིན་གྱི་ཕྱི་ནང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དེས་སྲིད་འཛིན་དཔོན་པོ་དང་སྐབས་གསར་བའི་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་ལ་རེ་བ་སྔར་ལས་ཆེན་པོ་བཏོན་ཡོད། ཁྱེད་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་མངག་བཅོལ་དང་རྒྱ་ཆེའི་ཨོ་མིན་སྡོད་དམངས་ཀྱི་ཡིད་ཆེས་ཡིད་ལ་དམ་པོར་བཅངས་ཏེ། ཁྲིམས་ལྟར་འགན་འཁྲི་དང་ལེན་བྱེད་པ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། ཨོ་མིན་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་འཆར་གཞི་བཀོད་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པ་དེ་ཨོ་མིན་ནས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་པར་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག