མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-24 11:03

ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཞིན་ཅང་བྱ་བའི་སྤྱིའི་དམིགས་འབེན་གསལ་བོར་ཤེས་པར་བྱེད་དགོས་ལ། མི་རིགས་ལས་བྱེད་པའི་གསོ་སྦྱོང་བྱ་བར་གཙིགས་འཛིན་བྱེད་པ་དང་། ཧུར་ཐག་སྒོས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས་ནས། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་དང་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པར་ལས་བྱེད་པའི་ཤེས་ལྡན་མི་སྣ་འདོན་སྤྲོད་བཟང་བོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཞིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་བྱ་བ་བཟང་བོར་བསྒྲུབ་སྐབས། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་དང་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། ཞིན་ཅང་གི་བྱ་བའི་ཁྱོན་ཡོངས་ལ་ཞབས་ཕྱི་བཟང་བོར་བསྒྲུབ་དགོས། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་ཡོན་ཚད་མཐོ་བ་དང་ནུས་པ་ཆེ་ལ། སྤྱོད་ཚུལ་བཟང་བ་བཅས་ཀྱི་གཞི་རྩའི་རེ་བ་དང་གཅིག་གྱུར་བྱེད་པ་དང་ཆབ་སྲིད་ཀྱི་བྱང་ཚད་གསོ་སྦྱོང་བྱ་བ་དམ་འཛིན་བྱས་ནས་ ཕུགས་འདུན་འདུ་ཤེས་སློབ་གསོར་ཤུགས་སྣོན་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་པ། ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོར་ཤུགས་བསྣན་ནས། རླབས་ཆེན་མེས་རྒྱལ་གྱི་མོས་མཐུན་དང་ཀྲུང་ཧྭ་མི་རིགས་ཀྱི་མོས་མཐུན། ཀྲུང་ཧྭའི་རིག་གནས་ཀྱི་མོས་མཐུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་མོས་མཐུན་བཅས་ཇེ་དྲག་གཏོང་དགོས། ཞིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་དྲུག་ཅུའི་རིང་ལ་ཐོབ་པའི་ཉམས་མྱོང་ལ་ནན་ཏན་སྒོས་སྤྱི་བསྡོམས་བྱེད་པ་དང་སློབ་ཁྲིད་གསོ་སྦྱོང་བྱེད་སྟངས་ལེགས་སྒྱུར་དང་གསར་སྐྲུན་བྱས་ནས་མུ་མཐུད་དུ་གསོ་སྦྱོང་གི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག