མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིའུ་ཡན་ཏུང་གིས་དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-25 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་སྤྱི་ཚེས་23ཉིན་དབུས་ནུབ་རྒྱུད་ཀྱི་སློབ་ཆེན་སྟོང་གི་སློབ་སྤྱིའི་སློབ་སྦྱོང་ཞིབ་འཇུག་འཆར་གཞི་ཞེས་པའི་དུས་མཚམས་འབྲིང་བའི་གྲུབ་འབྲས་སྙན་སེང་ཚོགས་འདུའི་ཐོག་ཞུགས་སྐབས། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་གོང་འཕེལ་གཏོང་རྒྱུ་དེ་སྔར་བས་གལ་ཆེ་བའི་གནས་བབ་ཐོག་བཞག་སྟེ། སློབ་གཉེར་ནུས་པ་དང་སྤྱི་ཡོངས་ཆུ་ཚད་མཐོ་རུ་གཏོང་བར་གཙོ་གནད་ཐོག་དམ་འཛིན་བྱེད་པ་དང་། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭར་གཞི་རྩའི་ཆ་ནས་དེང་རབས་ཅན་གྱི་སློབ་གསོ་མངོན་འགྱུར་ཡོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་། རང་རྒྱལ་འདི་ཉིད་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བའི་གོང་འཕེལ་དུས་མཚམས་གསར་པར་སླེབས་ཡོད། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭས་རང་འགུལ་སྒོ་ནས་དབུས་ནུབ་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དམིགས་འབེན་ལ་ཞབས་ཞུ་སྒྲུབ་པ་དང་མཐོ་རིམ་སློབ་གྲྭའི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྒྲིག་གཞི་དང་དོ་དམ་སྒྲིག་གཞི་གསར་གཏོད་བྱེད་པ་བཅས་བྱས་ཏེ། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་སྤྱི་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དེ་ཡང་གཅིག་ནས་སྤུས་ཚད་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ། ཕྱི་རྒྱལ་གྱི་ཕན་ཡོད་ཉམས་མྱོང་དཔྱད་གཞིར་འཛིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནང་དོན་གོང་འཕེལ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་དགོས་པ་དང་། གཉིས་ནས་ས་ཁུལ་གྱི་བཟང་ཆ་འདོན་སྤེལ་བྱས་ནས། མཐའ་འཁོར་རྒྱལ་ཁབ་དང་སློབ་གསོ་ཚན་རྩལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ནང་ཧུར་ཐག་ཞུགས་ནས། རྒྱལ་ཁབ་ཀྱི་དངོས་སྟོབས་ཆེ་རུ་འགྲོ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག