མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མིག་སྔའི་བར་སླེབས་དུས་ཚོང་དོན་པུའུ་ཡིས་སྲིད་འཛིན་ཞིབ་མཆན་རྣམ་གྲངས11མེད་པར་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-25 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས23ཉིན་ཚོང་དོན་པུའི་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་ཝང་ཞོ་ཁུན་གྱིས་མིག་སྔའི་བར་སླེབས་དུས་ཚོང་དོན་པུའུ་ཡིས་སྲིད་འཛིན་ཞིབ་མཆན་རྣམ་གྲངས11མེད་པར་བཟོས་པ་དེ་དག་གིས་ཞིབ་མཆན་རྣམ་གྲངས་ཁྱོན31ཡོད་པའི་ནང་བརྒྱ་ཆ་35.5ཟིན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྣམ་གྲངས་གསུམ་ཆ་གཅིག་མེད་པ་བཟོ་རྒྱུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུའི་དམིགས་ཚད་ལ་སླེབས་ཡོད་པས་སྲིད་འཛིན་ཞིབ་མཆན་རྣམ་གྲངས་མེད་པ་བཟོ་རྒྱུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུའི་དུས་མཚམས་རང་བཞིན་གྱི་ལས་འགན་གྲུབ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཚོང་དོན་པུའུ་ཡིས་གོམ་སྟབས་རྗེས་མར་སྲིད་འཛིན་གྱི་ཆོག་མཆན་མེད་པའི་སྲིད་འཛིན་གྱི་ཞིབ་བཤེར་རྣམ་གྲངས་ཁྱོན་ཡོངས་ནས་གཙང་བཤེར་བྱེད་རྒྱུ་དང་། སྲིད་འཛིན་གྱི་འཐུས་མཆན་མེད་པའི་རྣམ་གྲངས་དང་ཁྲིམས་ལྟར་སྲིད་འཛིན་ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུའི་རྩ་དོན་དང་རྒྱབ་འགལ་བྱས་པ་ཡིན་ཕྱིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྦད་དེ་མེད་པ་བཟོ་དགོས་པའི་བཀའ་གསལ་པོ་བཏང་བའི་ཞིབ་མཆན་གྱི་རིགས་སུ་གཏོགས་པ་ཡིན།

མིག་སྔར་ཚོང་དོན་པུའུ་ནས་སྲིད་འཛིན་གྱི་འཐུས་མཆན་མེད་པའི་ཞིབ་མཆན་མ་གཏོགས་རང་བཤེར་དང་གཙང་བཤེར་གྱི་ལས་ཀ་ལེགས་གྲུབ་ཟིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག