མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཁམ་པོ་རྫའི་རྒྱལ་བོ་དང་བཙུན་མོར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-26 11:44

ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ཏའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཁམ་པོ་རྫའི་རྒྱལ་བོ་ཞི་ཧ་མའོ་ཉི་དང་བཙུན་མོ་མའོ་ཉི་ལེ་གཉིས་ལ་མཇལ་འཕྲད་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕུན་ལིས་ཡོན་མཇལ་འཕྲད་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་པེ་ཅིན་ཏའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཁམ་པོ་རྫའི་རྒྱལ་བོ་ཞི་ཧ་མའོ་ཉི་དང་བཙུན་མོ་མའོ་ཉི་ལེ་གཉིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁམ་པོ་རྫའི་རྒྱལ་བོ་ཚང་གིས་ཀྲུང་གོ་དང་ཁམ་པོ་རྫ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག ཡབ་རྒྱལ་བོ་ཞི་ཧ་ནུའུ་ཁི་ཡིས་ཀྲུང་གོའི་རབས་འགའི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཁམ་པོ་རྫ་བར་གྱི་མཛའ་བཤེས་གསར་སྐྲུན་དང་སྐྱེད་སྲིང་བྱས་ནས། དེ་ཀྲུང་གོ་དང་ཁམ་པོ་རྫ་གཉིས་མཛའ་མཐུན་ཡོང་བའི་དུས་བརྟན་གྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཁམ་པོ་རྫ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཁམ་པོ་རྫ་བར་གྱི་མཛའ་མཐུན་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་རྒྱུ་དང་། ཁམ་པོ་རྫ་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་ནས། ཁམ་པོ་རྫའི་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ལ་སྔར་ལྟར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད། ང་ཚོས་ཁམ་པོ་རྫ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཁམ་པོ་རྫ་གཉིས་ཀྱི་འབྲེལ་བའི་མ་འོངས་བ་སྔར་ལས་བཟང་བོ་གསར་གཏོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་བྱེད་འདོད་ཡོད་ཟེར།

ཞི་ཧ་མའོ་ཉི་དང་མའོ་ཉི་ལེ་གཉིས་ཀྱིས་བཤད་རྒྱུར། ཁང་པོ་རྫའི་རྒྱལ་པོ་ཚང་གིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཁམ་པོ་རྫར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། ཁམ་པོ་རྫའི་རྒྱལ་བོ་ཚང་གིས་ཡབ་རྒྱལ་བོ་ཞི་ཧ་ནུའུ་ཁི་ཡིས་བསྐྲུན་པའི་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་ཧུར་ཐག་སྒོས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག