མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:11

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྨན་བཅོས་དང་ལུས་གསོ་གཉིས་ཟུང་འབྲེལ་བྱས་ནས་ལོ་ལོན་རྣམས་ཀྱི་ལུས་ཕུང་གསོ་བའི་རྣམ་པ་འཛུགས་སྐྲུན་བྱེད་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧི་ཝེ་དང་། ཧོང་ཅེ་ཧྥུའུ། སུང་ཐའེ་དབྱིན། ཧྥན་ལིས་སོགས་དང་དེ་མིན་གཞི་རིམ་གྱི་འཐུས་མི་རྣམས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

ཨུ་ཡོན་རྣམས་ཀྱིས་བལྟས་ན། རང་རྒྱལ་ད་ལྟ་ལོ་ལོན་ཅན་གྱི་སྤྱི་ཚོགས་དུས་རིམ་དུ་བསླེབས་ཤིང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་གནང་། ན་ནིང་གསར་དུ་བཀོད་པའི《ལོ་ལོན་རྣམས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འགན་སྲུང་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་ནས། ལོ་ལོན་རྣམས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པའི་ཐད་ལ་བྱེད་ཐངས་མང་པོ་སྤྱད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ་བཀོད་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་དང་། རྒན་གསོ་ཞབས་ཞུ་དང་ཟུང་དུ་སྦྲེལ་བའི་བྱ་བ་ཡར་སྐུལ་བྱེད་པའི་ཁ་ཕྱོགས་བཏོན་ཟེར།

ཨུ་ཡོན་རྣམས་ཀྱིས་སྨན་བཅོས་དང་ལུས་གསོ་གཉིས་ཟུང་དུ་སྦྲེལ་ནས་ལོ་ལོན་རྣམས་ཀྱི་ལུས་ཕུང་གསོ་བའི་རྣམ་པ་འཛུགས་སྐྲུན་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ན། ནང་རྐྱེན་འཛུགས་པ་དང་། ནང་རྐྱེན་འཐུས་ཚང་གཏོང་དགོས། སྲིད་གཞུང་གིས་འོས་འཚམ་གྱི་ཚད་གཞི་གཏན་ལ་ཕབ་ནས། ལུས་གསོ་དང་ཟུང་དུ་སྦྲེལ་ནས་ལོ་ལོན་རྣམས་ཀྱི་ལུས་ཕུང་གསོ་བའི་རྣམ་པ་ཡར་སྐུལ་བྱེད་པའི་བྱ་བ་དེ་ཡང་དག་པའི་ལམ་དུ་བསྐྱོད་དགོས། འབྲེལ་ཡོད་སྡེ་ཁག་གིས་འབྲེལ་གཏུག་གྲོས་ཚོགས་ཀྱི་ལམ་ལུགས་འཛུགས་དགོས་པ་དང་། དུས་ཐོག་ཏུ་འབྲེལ་ཡོད་གནད་དོན་ཐག་གཅོད་དགོས། སྨན་བཅོས་དང་ལུས་གསོ་གཉིས་ཟུང་དུ་སྦྲེལ་བའི་བྱ་བ་དེ་སྡོད་ཁུལ་ནས་སྤེལ་དགོས་པ་དང་། དེ་ནི་སྨན་བཅོས་དང་ལུས་གསོ་གཉིས་ཟུང་དུ་སྦྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོ་རེད། དབུལ་ཕོངས་ས་ཁུལ་གྱི་ནུས་པ་མེད་པའི་ལོ་ལོན་རྣམས་ལ་སྲིད་གཞུང་གིས་གཞི་རྩའི་སྨན་བཅོས་འགན་སྲུང་ཞབས་ཞུ་བསྒྲུབ་དགོས། དར་རྒྱས་སུ་འགྲོ་བཞིན་པའི་ས་ཁུལ་དང་། དར་རྒྱས་མིན་པའི་ས་ཁུལ་ནས་ཚོད་ལྟ་བྱ་བ་བཟང་བོར་སྒྲུབ་ནས། སྲིད་ཇུས་དོན་དངོས་དང་མཐུན་པར་བྱེད་དགོས། ཚོང་རའི་ནང་རྐྱེན་གྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ནས། སྨན་བཅོས་འགན་སྲུང་སྲིད་ཇུས་དེ་ལོ་ལོན་རྣམས་ལ་འཚམ་པའི་ཁྱད་ཆོས་ཡོད་དགོས་པ་མ་ཟད། ལུས་གསོ་སྨན་ཁང་ནས་སྨན་བཅོས་དང་ལུས་གསོ་གཉིས་ཟུང་དུ་སྦྲེལ་ནས་ལོ་ལོན་རྣམས་ཀྱི་ལུས་ཕུང་གསོ་བའི་ཆེད་ལས་མི་སྣ་གསོ་སྦྱོང་བྱས་ནས། ཤུགས་ཆེན་པོས་ལོ་ལོན་རྣམས་ཀྱི་ལུས་ཕུང་གསོ་བའི་ཆེད་ལས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་སྐུལ་སློང་བྱེད་དགོས་ཞེས་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག