མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་པར་མ་ཟད་གསུངས་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:20

李克强出席第17次东盟与中日韩(10+3)领导人会议.jpg

  ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་འབར་མའི་ནེ་པུས་ཏུའུ་ནས་ཚོགས་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་པར་མ་ཟད་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་འབར་མའི་ནེ་པུས་ཏུའུ་ནས་ཚོགས་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་འཇར་པན་དང་ཧན་གོ་བཅས་ཀྱི་མགོ་ཁྲིད་པ་མཉམ་དུ་གྲོས་ཚོགས་ལ་ཞུགས། འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་། ཕྱོགས་སོ་སོས་བློ་ཐག་རྦད་ཆོད་སྒོས་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། གཉིས་ཕན་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོ་གསལ་བོར་ཤེར་པར་བྱེད་དགོས་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས་ཨེ་ཤ་ཡ་ཤར་ལྷོའི་ཐུན་མོང་ཚོགས་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཟེར། ལིས་ཁི་ཆང་གིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ལ་གྲོས་གཞི་དྲུག་བཏོན། གཅིག ཨེ་ཤ་ཡ་ཤར་ལྷོའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། གཉིས། མངའ་ཁོངས་དངུལ་ལོར་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། གསུམ། ས་ཁུལ་གྱི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས། བཞི། དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ལྔ། མི་གཞུང་དང་སྤྱི་ཚོགས་བརྗེ་རེས་ལ་ཇེ་མང་དུ་གཏོང་དགོས། དྲུག སྤྱི་བའི་ཞབས་ཕྱིའི་མཉམ་ལས་ལ་ཤུགས་སྣོན་དགོས་པ་བཅས་རེད།

  ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་བཤད་རྒྱུར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཨེ་ཤ་ཡ་ཤར་ལྷོའི་མཉམ་ལས་ཐད་ལ་ནུས་པ་ཆེན་པོ་འདོན་བཞིན་ཡོད་པར་མ་ཟད། ས་གནས་ཀྱི་འཕེལ་རྒྱས་ཐད་ལ་སྐུལ་འདེད་ཀྱི་ནུས་པ་བཏོན་་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག