མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:58

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་པུའུ་ལི་སི་པན་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་པུའུ་ལི་སི་པན་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོའི་ཟླ་གསུམ་པར་ངས་ཧྥ་རན་སི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱས་ནས། ང་ཚོས་ཡུན་རིང་དང་སྔར་ལས་བཟང་བའི་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་རབས་གསར་བ་གསར་གཏོད་བྱེད་རྒྱུའི་ཐག་བཅད་དེ། འདས་པའི་ལོ་ཕྱེད་ནང་། ང་ཚོས་ཐུན་མོང་གི་ལྟ་བ་རབ་དང་རིམ་པ་ཧུར་ཐག་སྒོས་ལག་བསྟར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་། ཉིང་རྡུལ་དང་དངུལ་ལོར། ཉོ་ཚོང་བཅས་ཐད་ཀྱི་མཉམ་ལས་ལ་འཕེལ་རྒྱས་བཟང་བོ་བྱུང་བ་དང་། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་ཐེངས་བརྒྱད་བརྒྱ་ལྷག་སྤེལ། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། འཐབ་ཇུས་དང་ནོར་སྲིད། མི་གཞོང་བཅས་ཐད་ཀྱི་གྲོས་མོལ་མཉམ་ལས་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། དངོས་གཉེར་མཉམ་ལས་དང་མི་གཞོང་བརྗེ་རེས་ཐད་ནས་གྲུབ་འབྲས་གཡུར་ཟ་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཨོ་ལིང་ཏི་ཡིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། མཉམ་ལས་ལས་གཞི་གལ་ཆེན་གཏིང་ཟབ་ཏུ་སྤེལ་བར་རེ་བ་བྱེད་ཀྱིན་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཨེ་པོ་ལའི་རིམས་ནད་འགོག་བཅོས་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་འཕེལ་རྒྱས་སུ་གཏོང་བ། དབྱི་ལིང་གི་ཉིང་རྡུལ་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་སོགས་གནད་དོན་ཐད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག