མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པ་ཞིའི་ཙུང་ཐུང་ལོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:58

ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པུའུ་ལིས་སི་པན་ནས་པ་ཞིའི་ཙུང་ཐུང་ལོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་པུའུ་ལིས་སི་པན་ནས་པ་ཞིའི་ཙུང་ཐུང་ལོ་སེ་ཧྥུའུ་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་སྣ་མང་ནང་རྐྱེན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་པ་དང་། གསེར་ལྡན་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པར་སྐུལ་འདེད་བཏང་ནས་ནམ་ཟླའི་འགྱུར་ལྡོག་སོགས་འགན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ལ། པ་ཞི་ཕྱོགས་ཀྱིས་སང་ལོར་པེ་ཅིན་ན་འཚོགས་པའི་ཀྲུང་གོ་དང་ལ་ཏེན་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་དང་པོར་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་དུ་ཞུགས་དགོས། བདག་གིས་ཁྱེད་དང་འབྲེལ་འདྲིས་དང་འགྲོ་འོང་དམ་པོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་འདོད་ཡོད་ཟེར།

ལོ་སེ་ཧྥུའུ་ཡིས་བཤད་རྒྱུར། པ་ཞི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པ་ཞི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བཏོན་པའི་གྲོས་གཞི་དང་དེ་མིན་ཀྲུང་གོས་སྤྱད་པའི་ནུས་ལྡན་བྱེད་ཐབས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། པ་ཞི་ཕྱོགས་ཀྱིས་ལ་ཏེན་མེ་གླིང་དང་ཀྲུང་གོ་བར་གྱི་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་འདོད་ཡོད་ཟེར།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག