མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ12པའི་ཚེས10ཉིན་ནས་བཟུང་མྱུར་བགྲོད་མེ་འཁོར་གྱི་ལམ་ཐིག་གསར་བ་བཀོལ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-17 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ12པའི་ཚེས10ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་། རང་རྒྱལ་ལྕགས་ལམ་གྱིས་མེ་འཁོར་གྱི་ལམ་ཐིག་གསར་བ་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་དང་། ལམ་ཐིག་གསར་བ་བཀོལ་རྗེས་རྒྱལ་ཡོངས་ལྕགས་ལམ་དུ་འཁོར་རྒྱུག་བྱེད་བཞིན་པའི་མྱུར་བགྲོད་མེ་འཁོར་གྱི་གྲངས་ཀ་ཆ་1556.5ཟིན་པ་དང་། དེས་རྒྱལ་ཡོངས་ལྕགས་ལམ་གྱི་མགྲོན་སྐྱེལ་མེ་འཁོར་གྱི་བརྒྱ་ཆའི་58.2ཟིན་ཞིང་། འཁོར་རྒྱུག་གི་ས་གནས་ཀྱང་ཞིང་ཆེན་དང་གྲོང་ཁྱེར། ལྗོངས་བཅས་ཉེར་བརྒྱད་ལ་ཁྱབ་པར་མ་ཟད། ཀན་སུའུ་དང་ཀེའུ་ཀྲོའུ། མཚོ་སྔོན་དང་ནང་སོག་སོགས་ནུབ་རྒྱུད་ཀྱི་ཞིང་ལྗོངས་སུའང་མྱུར་བགྲོད་མེ་འཁོར་ཐོག་མར་གཏོང་འགོ་འཛུགས་རྒྱུ་རེད།

ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ལམ་ཐིག་གསར་བ་བཀོལ་རྗེས། རྒྱལ་ཡོངས་ལྕགས་ལམ་གྱི་མགྲོན་སྐྱེལ་མེ་འཁོར་གྱི་སྤྱི་གྲངས་ཆ་2673.5ཟིན་པ་དང་། སྔོན་ལས་ཆ་226.5མང་དུ་སོང་བར་མ་ཟད་སྐྱེལ་འདྲེན་གྱི་ནུས་ཤུགས་ཀྱང་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད་ཅེས་གསུངས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག