མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱིས་རྒན་བཀུར་ཟླ་བའི་བྱེད་སྒོ་ཐེངས་ལྔ་པ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒན་བཀུར་ཟླ་བ་དགའ་གཏོང་བྱས་ནས་རྒན་རྒོན་ལ་གཅེས་སེམས་འབུལ་བ་སྟེ། ཀྲུང་ཧྭ་ཡི་སྤྱོད་བཟང་རྒྱུན་འཛིན་དང་རྒན་བཀུར་རིག་གནས་དར་སྤེལ་གཏོང་རྒྱུ་དེས་བརྗོད་དོན་གཙོ་བོ་བྱས་པའི2014ལོའི་རྒྱལ་ཡོངས་ཀྱི་རྒན་བཀུར་ཟླ་བའི་བྱེད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་ཟིན་ཡོད་པ་རེད།

ཤིན་ཅང་ཨུ་ལུམ་ཆི་གྲོང་ཁྱེར་སོགས་ས་ཆར་སྤྱི་སྤྱོད་རླངས་འཁོར་ཁོངས་གཏོགས་དང་སྨན་བཅོས་ཁོངས་གཏོགས་ལས་ཁུངས་ཀྱིས་རྒན་བཀུར་ཤེས་དཔལ་རྟགས་ཅན་གྱི་སྤྱི་ཕན་དྲིལ་བསྒྲགས་པར་རིས་དང་རྒན་བཀུར་སྤྱི་ཕན་འཁྲབ་ཚན་ཐུང་ངུ་བཟོས་ནས། འགུལ་བདེའི་བརྙན་འཕྲིན་དང་། ཐོག་ཁང་སྟེང་གི་བརྙན་འཕྲིན་ཆེན་མོ། སྤྱི་སྤྱོད་རླངས་འཁོར་ཐོག་གི་བརྙན་མཐོང་སོགས་ཀྱི་སྨྱན་སྦྱོར་ནས་བསྟན་ཡོད་པ་རེད། ཐན་ཅིན་གྲོང་ཁྱེར་གྱིས་དགུ་དགུ་རྒན་བཀུར་རྒན་རོགས་ཀྱི་ཞལ་འདེབས་བྱེད་སྒོ་དང་རྒན་རོགས་ཐད་གཏོང་རླངས་འཁོར་ཞེས་པའི་གྲོང་ཁུལ་གྱི་འོས་འགན་སྨན་བཅོས་དང་བདེ་ཐང་བློ་འདྲིའི་བྱེད་སྒོ་ཆེ་གྲས་སྤེལ་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག