མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྡེ་ཁག་གསུམ་གྱིས་སྡོད་ཁང་རོགས་སྐྱོབ་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས17ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། དམངས་སྲིད་པུའུ། ནོར་སྲིད་པུའུ་བཅས་སྡེ་ཁག་གསུམ་གྱིས་ས་གནས་ཁག་གིས་སྡོད་ཁང་རོགས་སྐྱོབ་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་རོགས་སྐྱོབ་བྱེད་ཡུལ་ལ། སྔོན་ལ་གཞུང་གི་བོག་གཏོང་ཁང་པ་བཀོད་སྒྲིག་བྱེད་པ་དང་ཁང་གླ་དམའ་རུ་གཏོང་དགོས་པའི་བླང་བྱ་བཏོན་འདུག

སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་ངོ་སྤྲོད་བྱས་པར་གཞིགས་ན། སྡོད་ཁང་རོགས་སྐྱོབ་བྱེད་ཡུལ་དེ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཚད་གཞི་དང་མཐུན་པ་དང་། སྡོད་ཁང་གི་དཀའ་ངལ་ཡོད་པའི་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང་། ཁ་ཐོར་རུ་གསོ་ཉར་བྱས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་བཅས་ཡིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་རོགས་སྐྱོབ་བྱེད་ཡུལ་ལ། སྔོན་ལ་གཞུང་གི་བོག་གཏོང་ཁང་པ་བཀོད་སྒྲིག་བྱེད་པ་དང་། ཡོང་འབབ་དམའ་བའི་སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་བོག་གླའི་ཁ་གསབ་སྤྲོད་པའི་རོགས་སྐྱོབ་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་སྡོད་ཁང་རོགས་སྐྱོབ་བྱེད་ཡུལ་ལ། སྔོན་ལ་ས་གནས་དེ་གའི་གྲོང་གསེབ་ཀྱི་ཁང་པ་བསྒྱུར་བཅོས་འཆར་གཞིའི་ནང་བཅུག་ནས། སྔོན་ལ་བསྒྱུར་བཅོས་བྱེད་རྒྱུ་ཡིན་པ་རེད།

གཞན་ཡང་སྡེ་ཁག་གསུམ་གྱིས་ད་དུང་ས་གནས་ཁག་གིས་སྡོད་ཁང་རོགས་སྐྱོབ་སྲིད་ཇུས་དང་རོགས་སྐྱོབ་བརྒྱུད་རིམ། རོགས་སྐྱོབ་བྱས་འབྲས་སོགས་ལྷུ་ཚིགས་ཁག་གི་ཆ་འཕྲིན་ཡོངས་གྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ལྟ་སྐུལ་ཐབས་ལམ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་འདུག  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག