མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་ཆིན་ཅི་ཝེ་སྐུ་བལྟམས་ནས་ལོ་ངོ100འཁོར་བར་དྲན་གསོ་ཞུ་བའི་བབཞུགས་མོལ་ཚོགས་འདུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཆིན་ཅི་ཝེ་སྐུ་བལྟམས་ནས་ལོ་ངོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དེ་སྤྱི་ཚེས17ཉིན་པེ་ཅིན་དུ་སྐོང་འཚོགས་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་བཞུགས་མོལ་ཚོགས་འདུར་ཞུགས་གནང་བ་མ་ཟད་ཚོགས་འདུ་མ་ཚོགས་གོང་བློ་མཐུན་ཆིན་ཅི་ཝེའི་ནང་མི་སྤུན་མཆེད་དང་ཐུག་འཕྲད་གནང་ཡོད་པ་རེད། བློ་མཐུན་ཆིན་ཅི་ཝེ་ནི་ཀྲུང་གུང་སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཡིན་པ་རེད། དེ་སྔོན་པེ་ཅིན་དམག་ཁུལ་ཁང་གི་དམག་སྤྱི་གནང་མྱོང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་སོགས་འགན་གནས་གལ་ཆེན་བཞེས་མྱོང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་གྲང་ལུང་གིས་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་ཆི་ཅི་ཝེའི་གསར་བརྗེའི་མཛད་རྗེས་དང་བླ་ན་མེད་པའི་སྤྱོད་ཚུལ་ལ་དྲན་གསོ་གནང་བ་དང་། རང་རེའི་ཏང་དང་རང་དམག་གི་གཟི་བརྗིད་སྲོལ་རྒྱུན་དང་ཀུན་སྤྱོད་བཟང་པོ་མུ་མཐུད་དར་སྤེལ་དང་རྒྱུན་འཛིན་བྱེད་དགོས་པ་དང་། ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེའི་དམིགས་འབེན་ལ་དམ་པོར་གཞིགས་ནས། བློ་སྟོབས་ཆེར་བསྐྱེད་དང་གསར་འབྱེད་ཡར་འཕེལ། ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། ཁེ་ཕན་གོང་འཕེལ་བཅས་ལ་སྲུང་སྐྱོང་བྱེད་ཆེད་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་གནང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག