མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་མཁའ་སྐྱོད་བཅའ་ཁྲིམས་ཧུར་ཐག་ངང་ཞིབ་འཇུག་བྱེད་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས17ཉིན་ཀྲུང་གོའི་རྒྱལ་ཁབ་མཁའ་སྐྱོད་ཅུད་ཀྱི་དྲུང་ཡིག་ཆེན་མོ་ཐེན་ཡུས་ལུང་གིས་པེ་ཅིང་དུ་སྐོང་འཚོགས་བྱས་པའི2014ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་སྣང་བཅའ་ཁྲིམས་ཀྱི་དཔྱད་བསྡུར་ཚོགས་འདུའི་ཐོག ཀྲུང་གོའི་མཁའ་སྐྱོད་ཁྲིམས་འཛུགས་ཀྱི་ལས་དོན་དེ་རྒྱལ་ཁབ་ཁྲིམས་འཛུགས་ལས་དོན་གྱི་འཆར་འགོད་ནང་བཅུག་ཟིན་པ་མ་ཟད། དུས་ཚོད་དམ་འཛིན་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན2020ལོའི་སྔོན་ལ་མཁའ་སྐྱོད་བཅའ་ཁྲིམས་འདོན་རྒྱུ་རེད་ཅེས་གསུངས་འདུག

1980ལོར་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཕྱིའི་བར་སྣང་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལ་གྱུར་བ་མ་ཟད། ཕྱིའི་བར་སྣང་ཆིངས་ཡིག་ཅེས་པ་དང་མྱུར་སྐྱོར་ཆོད་དོན་ཞེས་པ། འགན་འཁྲི་སྤྱི་ཆིངས་དང་ཐོ་འགོད་སྤྱི་ཆིངས་ཞེས་པ་བཅས་ཀྱི་ནང་ཞུགས་ཡོད་པ་རེད། རང་རྒྱལ་གྱིས1998ལོར་ནས་བཟུང་མཁའ་སྐྱོད་ཁྲིམས་འཛུགས་ཀྱི་ཞིབ་འཇུག་དང་འཆར་ཟིན་འགོད་པའི་ལས་དོན་གྱི་འགོ་ཚུགས་པ་དང་། ཕྱིའི་བར་སྣང་སྤྱི་ཆིངས་ནང་ཞུགས་པའི་སྐོར་རྒྱལ་ནང་དུ་ལག་བསྟར་ཧུར་ཐག་བྱས་པས། དམངས་སྤྱོད་མཁའ་སྐྱོད་འཕེན་གཏོང་དོ་དམ་དང་བར་སྣང་དངོས་རྫས་ཐོ་འགོད་དོ་དམ། བར་སྣང་གི་གད་སྙིགས་གཙང་སེལ་དང་སྔོན་འགོག་དོ་དམ་སོགས་ཚུད་པའི་བཅའ་ཁྲིམས་ཀྱི་མ་ལག་ཞིག་གྲུབ་ཡོད་པ་རེད། ཀྲུང་གོ་ནི་འགན་ཁུར་མཁན་གྱི་མཁའ་སྐྱོད་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཆིངས་ཡིག་དང་སྒྲིག་སྲོལ་མུ་མཐུད་ལག་བསྟར་དང་བརྩི་སྲུང་ཞུ་རྒྱུ་དང་། ད་དུང་བཅའ་ཁྲིམས་གསར་པ་རྒྱལ་སྤྱིའི་ཆིངས་ཡིག་དང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག