མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-18 10:56

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་། ཀྲང་ཀའོ་ལི་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། གྲོང་བརྡལ་ཅན་ཀྱི་འཕེལ་རྒྱས་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་། མི་དམངས་ཀྱི་རེ་འདུན་དང་མཐུན་པར་བྱས་ནས། ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་གསུངས།

ཀྲང་ཀའོ་ལི་ཡིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱེད་པ་ནི་མི་གཙོ་བོར་འཛིན་པའི་རྣམ་པ་གསར་བའི་གྲོང་བརྡལ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་པར་མ་ཟད། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་དངོས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཟེར།

ཀྲང་ཀའོ་ལི་ཡིས་ས་གནས་སོ་སོས་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་ལྟར། ས་གནས་རང་གི་ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱེད་ཐབས་མྱུར་དུ་གཏན་འཁེལ་བྱས་ནས། དུས་ཐོག་ཏུ་སྤྱི་ཚོགས་ཡོངས་སུ་ཁྱབ་སྒྲོག་བྱས་ཏེ། ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱེད་པའི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་རེ་བ་བཏོན།  །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག