མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་ཐེ་གོའི་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:56

ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་ཏང་གི་ཀྲུའུ་ཞི། སྔོན་ཆད་ཀྱི་ཙུང་ལི་ཨ་ཕེས་ཧྲི་ཡིས་མགོ་ཁྲིད་པའི་ཐེ་གོའི་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཏང་གི་ཀྲུའུ་ཞི། སྔོན་ཆད་ཀྱི་ཙུང་ལི་ཨ་ཕེས་ཧྲི་ཡིས་མགོ་ཁྲིད་པའི་ཐེ་གོའི་དམངས་གཙོ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། ལིག་ཡུན་ཧྲན་གྱིས་གསུང་རྒྱུར། ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་བར་ལ་རྒྱུན་རིང་ཞིང་གཏིང་ཟབ་པའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་རིང་བོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རྨང་གཞི་བརྟན་ཞིང་འཕེལ་རྒྱས་གཏན་འཇགས་ཡིན། ཉེ་སྔོན་མཇུག་བསྡུས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་གཉིས་པར་གྲུབ་འབྲས་ཆེན་པོ་བླངས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་བསྣན། སང་ལོ་ནི་ཀྲུང་གོ་དང་ཐེ་གོ་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་ཐེ་གོའི་རྒྱལ་དམངས་ཏང་དང་མཉམ་དུ་ཏང་བཅོས་སྐྱོང་དང་སྲིད་འཛིན་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཨ་ཕེས་ཧྲི་ཡིས་བཤད་རྒྱུར། ཀྲུང་གོ་རྒྱལ་ཁབ་དང་མཉམ་དུ་མཛའ་མཐུན་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཐེ་གོའི་རྒྱལ་བོ་ཚང་དང་སྲིད་གཞུང་། སྲིད་ཏང་། ཐེ་གོའི་མི་དམངས་བཅས་ཀྱི་ཐུན་མོང་གི་འདོད་བློ་ཡིན། ཀྲུང་གོས་བཏོན་པའི་སྐམ་མཚོ་གཉིས་ཀྱི་དར་གོས་ཚོང་ལམ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན་བཅས་ཀྱིས་ཐེ་གོ་དང་བཅས་པའི་རྒྱལ་ཁབ་སོ་སོར་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད་ལ། ཐེ་གོའི་དམངས་གཙོ་ཏང་གིས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ལ་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར། 

 རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཝང་ཅ་རོས་མཇལ་འཕྲད་ལ་ཞུགས།   །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག