མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-18 10:56

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཨོ་སི་ཁྲི་ལི་ཡའི་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་ཡིས་མི་ཚེ་གང་བོར་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འགོག་སྲུང་མཉམ་ལས་ཐད་ལ་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། མཐོ་རིམ་མགོ་ཁྲིད་པས་ཕན་ཚུན་ལ་འཚམས་འདྲི་བྱེད་པ་དང་། མཉམ་འབྲེལ་དམག་སྦྱོང་དང་འགོག་སྲུང་གྲོས་མོལ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་འགོག་སྲུང་མཉམ་ལས་ལ་ཤུགས་བསྣན་ནས་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཁི་སི་ཀི་ལོ་ཧྥུའུ་ཡིས་བཤད་རྒྱུར། བདག་གིས་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་ངོ་བོ་རང་བཞིན་གྱི་སྒོ་ནས་ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོས་རང་མོས་ཉོ་ཚོང་གི་གྲོས་མཐུན་འགོད་པའི་གྲོས་མོལ་མཇུག་རྫོགས་པར་རྟེན་འབྲེལ་ཞུ་བ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཕྱོགས་སུ་སྦས་ཤུགས་ཆེན་པོ་ཡོད་པ་དང་འདུན་པ་དྲག་པོ་ཡོད་པ་མཚོན་ཡོད། ང་རང་ཀྲུང་གོ་དང་ཨོ་སི་ཁྲི་ལི་ཡའི་དམག་དཔུང་བར་གྱི་བརྗེ་རེས་དང་མཉམ་ལས་ཇེ་མང་དུ་སོང་བ་དང་མཉམ་འབྲེལ་སྒོས་དམག་སྦྱོང་བྱས་པར་དགའ་སྤྲོ་སྐྱེས་བཞིན་ཡོད་པར་མ་ཟད་ཨོ་སི་ཁྲི་ལི་ཡ་དང་ཀྲུང་གོའི་འབྲེལ་བའི་ཐད་ལ་ཡིད་ཆེས་ཆེན་པོ་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག