ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཀྲེ་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཏུ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཀྲེ་ཅང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པའི་ཁྲོད་དུ་ཕེབས་ནས། འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད། འཐུས་མི་རྣམས་ཀྱིས་བཤད་པའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས། ཀྲང་ཏི་ཅང་གིས་སྲིད་གཞུང་གི་བྱ་བའི་སྙན་ཞུར་མཐའ་གཅིག་ཏུ་གཟེངས་བསྟོད་བྱས་པ་དང་འདས་པའི་ལོ་གཅིག་གི་ནང་དུ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོའི་མི་དམངས་དང་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ། ཕྱོགས་སོ་སོའི་བྱ་བར་གྲུབ་འབྲས་གལ་ཆེན་བླངས་ཤིང་། རྣམ་པ་གསར་བ་གསར་གཏོད་བྱས་གསུངས།

ཀྲང་ཏི་ཅང་གིས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱས་ནས། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་འཆར་གཞི་འཐེན་པ་དང་བྱ་བ་སྣ་ཚོགས་ཡར་སྐུལ་བྱེད་པར་དམ་པོར་དམིགས་དགོས། འཕེལ་རྒྱས་ཀྱི་ལས་འགན་དང་པོ་དམ་འཛིན་བྱས་ནས། དཔལ་འབྱོར་སྤྱི་ཚོགས་རྒྱུན་བསྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱེད་དགོས། སྤྱི་ཚོགས་ཀྱི་གསོན་ཤུགས་དར་སྤེལ་དང་ཇེ་དྲག་ཏུ་བཏང་ནས། མི་དམངས་མང་ཚོགས་ལ་སྔར་ལས་ཕན་ཁེ་ཐོབ་ཏུ་འཇུག་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱས་ནས། སྤྱི་ཚོགས་ཀྱི་དྲང་བདེན་དང་དྲང་བཞག་ལ་སྲུང་སྐྱོང་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་གཟབ་ནན་སྒོས་སྤེལ་ཏེ། ཏང་ནམ་ཡིན་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྲོག་ཤིང་མགོ་ཁྲིད་བརྟན་པོ་ཞིག་ཏུ་འགྱུར་བར་ཁག་ཐེག་བྱེད་དགོས་གསུངས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།