ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་དྲུག་ཉིན་གྱི་སྔ་དྲོར་ཧྲན་ཏུང་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པར་ཕེབས་ཏེ་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དྲུག་ཉིན་གྱི་སྔ་དྲོར་ཧྲན་ཏུང་འཐུས་ཚབ་ཚོགས་པར་ཕེབས་ཏེ་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད། འཐུས་མི་རྣམས་ཀྱི་ལང་ལོང་སྒོས་གཏམ་བཤད། ལིས་ཁི་ཆང་གིས་ཚང་མ་དང་མཉམ་དུ་བརྗེ་རེས་ཟབ་མོ་གནང་། ཁོང་གིས་གསུངས་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ན་ནིང་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ནས་བླངས་བའི་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་དང་། ད་ལོའི་བྱ་བ་གཙོ་བོ་མི་དམངས་ཀྱི་འདོད་བློ་སྐོང་རྒྱུ་དེ་མཚོན་ཡོད། སྙན་ཞུའི་འཆར་ཟིན་ཁྲོད་དུ་ཕྱོགས་སོ་སོའི་བློ་གྲོས་གཅིག་བསྡུས་བྱས་ཡོད་པས། ལས་རིགས་སོ་སོས་དཔལ་འབྱོར་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུན་ཆད་མེད་པར་མི་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དྲང་བདེན་གྱི་རེ་བ་ཡར་སྐུལ་བྱེད་རྒྱུ་གསལ་བོར་མཚོན་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཧྲན་ཏུང་ཞིང་ཆེན་གྱིས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱ་བ་ཇེ་མགྱོགས་སུ་བཏང་ནས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་པ་དང་། རྣམ་པ་སྣ་ཚོགས་ཀྱི་ས་ཞིང་འོས་འཚམ་གཞི་ཁྱོན་གྱི་ཚོང་གཉེར་བྱ་བ་འཚོལ་ཞིབ་བྱས་ནས། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཤུགས་ཆེན་པོས་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་ནས། དབང་བོ་སྐྱོན་ཅན་སོགས་དམིགས་བསལ་ཅན་གྱི་དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་དམངས་ཚིས་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་བཏང་ནས་བཅོས་སྒྱུར་གྱི་འཕེལ་རྒྱས་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།