ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཨུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་རིག་རྩལ་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་བསྡུར་ལ་ཞུགས། ཨུ་ཡོན་ཚོས་སྦ་གསང་མེད་པར་རང་ཉིད་ཀྱིས་བསམ་འཆར་ལྷུག་པོར་བརྗོད་ནས། ཚོགས་རའི་སྣང་ཚུལ་ཧ་ཅང་བཟང་། ཚང་མས་གཏམ་བཤད་ཉན་རྗེས། ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། དུས་ཡུན་རིང་བོའི་ཚུན་ལ། རིག་རྩལ་ལས་རིགས་ཀྱི་ཨུ་ཡོན་ཚོ་ནང་དུ་འདུ་བའི་རྒྱ་ཆེའི་རིག་གནས་བྱ་བ་སྒྲུབ་མཁན་ཚོས་འགན་ནུས་ལག་བསྟར་ནན་མོ་བྱས་ནས། བློ་རྩེ་གཅིག་སྒྲིམ་གྱིས་རིག་གནས་གསར་རྩོམ་བྱེད་པ་དང་། རིག་གནས་ཀྱི་དམངས་ལ་ཕན་པ་བསྐྲུན་པའི་ཐད་འབད་བརྩོན་བྱས་ཏེ། བྱས་རྗེས་ཆེན་པོ་བཞག་ཡོད་ཟེར། ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་གཙོར་འཛིན་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དར་ཆ་མཐོར་པོར་བསྒྲེངས་བ། སྤྱི་ཚོགས་ཕན་འབྲས་གོ་གནས་དང་བོར་འཇོག་པ། ཧུར་ཐག་གིས་རྒྱུ་སྤུས་ལེགས་པའིབརྩམས་ཆོས་ཡག་པོ་སྔར་ལས་མང་པོ་གསར་རྩོམ་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས། གསར་སྐྲུན་གྱི་སྙིང་སྟོབས་ཆེན་པོས་རིག་གནས་བཅོས་བསྒྱུར་དང་འཕེལ་རྒྱས་སུ་བཏང་ནས། སྒྲིག་གཞི་སྒྲིག་སྲོལ་གསར་སྐྲུན་དང་ནང་དོན་དང་ལས་སྒོ་འཕེལ་རྒྱས། རིག་གནས་སྒྲིག་ཆས་འཛུགས་སྐྲུན། ནུས་ཤུགས་བརྒྱུད་སྒྲོག་དང་རྒྱ་བསྐྱེད། སྲིད་ཇུས་ཁྲིམས་སྲོལ་འགན་སྲུང་སོགས་ཕྱོགས་ནས་བྱེད་ཐབས་གསར་བ་སྔར་ལས་མང་པོ་སྤྱོད་དགོས། ཀྲུང་ཧྭའི་རིག་གནས་ལ་ཁས་ལེན་བྱེད་པར་ཤུགས་སྣོན་པའི་རྨང་གཞིའི་སྟེང་། མི་རིགས་སོ་སོའི་རིག་གནས་དར་རྒྱས་དང་འཕེལ་རྒྱས་སུ་བཏང་སྟེ། ཧུར་ཐག་གིས་མི་རིགས་སོ་སོ་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས། མུ་མཐུད་དུ་བྱང་ཚད་དང་ཤེས་བྱའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རིག་གནས་ཁྱབ་ཁོངས་ཀྱི་གནད་དོན་གཙོ་བོའི་ཐད་ཀྱི་ཞིབ་འཇུག་སྲིད་གླེང་ལ་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ནུས་པ་སྔར་ལས་གལ་ཆེན་འདོན་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།