ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲང་གོ་ལིས་ཚེས་དྲུག་ཉིན་གྱི་སྔ་དྲོར་ཐེན་ཅིན་འཐུས་ཚབ་ཚོགས་པར་ཕེབས་ནས་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲང་གོ་ལིས་ཚེས་དྲུག་ཉིན་གྱི་སྔ་དྲོར་ཐེན་ཅིན་འཐུས་ཚབ་ཚོགས་པར་ཕེབས་ནས་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་མཛད།

འཐུས་མི་རྣམས་ཀྱིས་བཤད་པའི་གཏམ་བཤད་ལ་ཉན་རྗེས། ཀྲང་གོ་ལིས་ཀྱིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་མཐའ་གཅིག་ཏུ་འཐད་པ་བྱུང་ཡོད་ཟེར། ཁོང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ང་ཚོས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོལ་རྣམ་གསར་བ་དང་མཐུན་པར་བྱས་པ་དང་། བརྟན་འཇགས་ཁྲོད་ནས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱས་ནས། དཀའ་སྤྱད་འབད་བརྩོན་དང་། དཀའ་ཁག་ཡོད་ཚད་སེལ་ཏེ། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གྲུབ་འབྲས་གསར་བ་བླངས། ད་ལོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྗིད་པས། ཀྲུང་དབྱང་གི་རེ་བ་ལྟར། ནན་ཏན་སྒོས་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དངོས་འབེབས་བྱས་ནས། བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་དགོས་པ་དང་། བྱ་བའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གསར་གཏོད་བརྩོན་ལེན་བཅས་བྱས་ནས།དཔལ་འབྱོར་བརྟན་འཇགས་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་དགོས་ཟེར།

ཀྲང་གོ་ལིས་ཀྱིས་ནན་གྱིས་བསྟན་དོན། ཐེན་ཅིན་གྲོང་ཁྱེར་གྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། ཁྱད་སྟོབས་འདོན་སྤེལ་བྱེད་པ། ཁྱད་ཆོས་ཇེ་དྲག་ཏུ་གཏོང་བ་དང་། རིམ་སྤོར་ཇེ་མགྱོགས་སུ་བཏང་ནས། པེ་ཅིན་དང་ཐེན་ཅིན། ཧི་པེ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་འཆར་གཞི་བཟང་བོ་འཐེན་དགོས་པ་དང་། སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་པ་ཞིག་བྱེད་པ་དང་། དཔལ་འབྱོར་གྱི་རྒྱུ་སྤུས་ཇེ་མཐོར་དང་ཕན་འབྲས་བརྩོན་ལེན་བྱེད་པའི་རིམ་སྤོར་ཁྲོད་དུ་སྣེ་ཁྲིད་མཁན་ཞིག་བྱས་ཏེ། མཛེས་སྡུག་གི་ཐེན་ཅིན་འཛུགས་སྐྲུན་བྱེད་པའི་ཐད་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྔར་ལས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།