ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚེས་བརྒྱད་ཉིན་གྱི་སྔ་དྲོར་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། ལོ་ཧོས་ཉིན་དང་ཧའོ་ཕིན། ཧི་ཧྥིན་སོགས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་གཟབ་ནན་སྒོས་ཉན་རྗེས། ཡུས་ཀྲིན་ཧྲིན་གྱིས་མཚོ་སྔོན་གྱིས་ལོ་གཅིག་གི་རིང་བླངས་པའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་འཐབ་ཇུས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པས། རང་རྟོགས་སྒོས་རྒྱུན་རྣམ་གསར་བར་བསྟུན་པ་དང་། ས་ཁུལ་གཅིག་དང་ལམ་གཅིག་གི་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཞུགས་པ། བཅོས་སྒྱུར་མཁྲེགས་གཏོར་དམ་འཛིན་བྱེད་པ་བཅས་བྱས་ཏེ། སློབ་གསོ་དང་ལས་ཞུགས་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བླ་ལྷག་བྱེད་ཀྱིན་པའི་དམངས་ཚིས་གནད་དོན་ཕན་འབྲས་ལྡན་པའི་ངང་ཐག་གཅོད་ཡག་པོ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས། གནས་བབ་གསར་བའི་འོག་གི་མི་རིགས་ཆོས་ལུགས་བྱ་བ་དང་བོད་ཁམས་ཀྱི་བྱ་བ་ནོར་འཆུག་མེད་པའི་ངང་བསྒྲུབ་སྟེ། དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་བཅས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། ཕྱོགས་ཡོངས་ནས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། དངོས་འབེབས་དོན་འཁྱོལ་ཡག་པོ་ཡོང་བར་བྱེད་དགོས། རང་རྟོགས་སྒོས་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱེད་ཐབས་བཀོལ་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། འགལ་བ་བསྡུམ་པ། སྤྱི་ཚོགས་བརྟན་འཇགས་ཡོང་བར་བྱེད་པ་བཅས་ཀྱི་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་ལ། ཐོན་ཁུངས་སྔོག་འདོན་དང་སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་བཅོས་སྐྱོང་གསུམ་ལས་གང་ཡིན་རུང་། ཚང་མར་ཁྲིམས་ལྟར་དོན་དག་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་མགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་སྦྲེལ་བ་དང་། ཏང་གིས་ཁྲིམས་འཛུགས་པར་མགོ་ཁྲིད་པ་དང་ཁྲིམས་སྐྱོང་བར་ཁག་ཐེག་བྱེད་པ། ཁྲིམས་འཛིན་པར་རྒྱབ་སྐྱོར་བྱེད་པ། སྣེ་ཁྲིད་དེ་ཁྲིམས་བརྩི་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མགོ་ཁྲིད་ལས་བྱེད་པས་ཁྲིམས་ལ་བརྩི་བཀུར་བྱེད་པ་དང་ཁྲིམས་སློབ་པ། ཁྲིམས་བརྩི་བ། ཁྲིམས་བཀོལ་བ་བཅས་ཀྱི་མིག་དཔེ་སྟོན་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།