ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་བརྒྱད་ཉིན་གྱི་སྔ་དྲོར་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཚོགས་ཐོག་ཏུ་ཕིན་ཆིན་ཧྭ་དང་ཁྲིན་བུའུ། ཧོང་ཝེ་ཅིན། ལོ་ཁྲའོ་ཡང་སོགས་འཐུས་མིས་སྔ་གཞུག་ཏུ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་། གཞི་རྩའི་སྤྱི་བའི་ཞབས་ཕྱི་དོ་མཉམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཞང་སྡེ་འཛུགས་སྐྲུན་བྱེད་པ། ས་ཁུལ་གཅིག་དང་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་དུ་ཞུགས་པ། ནུབ་རྒྱུད་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱེད་པ་སོགས་ལ་དམིགས་ནས་གཏམ་བཤད། ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་གསུངས་རྒྱུར། རྒྱལ་ཁབ་ཀྱིས་ས་ཁུལ་གཅིག་དང་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་དུ་ཀོང་ཞི་ཡི་གོ་གནས་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད། རྒྱལ་ནང་དང་རྒྱལ་སྤྱིའི་སྒོ་འབྱེད་མཉམ་ལས་ཕྱོགས་སུ་རྣམ་པ་གསར་བ་མྱུར་དུ་ཆགས་པར་བྱེད་དགོས་ན། རྣམ་པ་བསྒྱུར་ཞིང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས་པ་དང་། ཕྱི་ཕྱོགས་སྒོ་འབྱེད་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་དགོས་ལ། སྔར་ལས་གསོན་ཤུགས་ལྡན་པའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་མ་ལག་གསར་སྐྲུན་བྱེད་པ་དང་ཤར་ལྷོའི་མནའ་འབྲེལ་གྱི་སྒོ་འབྱེད་མཉམ་ལས་རྒྱ་ཆེར་བཏང་ནས་མཚོ་འགྲམ་དང་གཙང་བོའི་འགྲམ། མཐའ་མཚམས་བཅས་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་བྱེད་ས་གསར་སྐྲུན་བྱེད་དགོས། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ་རེ་རེ་དང་བྱ་བ་སྒྲུབ་མཁན་རེ་རེ་ཡིས་ཁྲིམས་སྐྱོང་འདུ་ཤེས་དང་བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་བརྩི་སྲུང་ནན་མོ་བྱེད་པ་དང་ཁྲིམས་སྐྱོང་རྣམ་པ་བཀོལ་སྤྱོད་གང་ལེགས་བྱས་ཏེ་བྱ་བ་བསྒྲུབ་ནས་མི་དམངས་མང་ཚོགས་ལ་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་འདྲ་མཉམ་དང་དྲང་བཞག་ཡིན་པའི་ཚོར་སྣང་སྐྱེས་སུ་འཇུག་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།