ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་དགུ་ཉིན་ཅི་ལིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་དགུ་ཉིན་ཅི་ལིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཚོགས་ཐོག་ཏུ་པ་དབྱིན་ཁྲའོ་ལུའུ་དང་ཅང་ཁྲའོ་ལེང་། རིན་ཁི་ཅོན་སོགས་འཐུས་མིས་ཤར་བྱང་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་སུ་འགྲོ་བའི་གོ་སྟབས་ཇེ་མགྱོགས་སུ་གཏོང་བ། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ཁྲིམས་འཛིན་དྲང་བདེན་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་སོགས་གནད་དོན་ཐད་ནས་གཏམ་བཤད། ཞི་ཅིན་ཕེན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཅི་ལིན་ཞིང་ཆེན་གྱིས་ལོ་གཅིག་གི་རིང་ལ་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་མཛད་རྗེས་གསུངས་རྒྱུར། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱས་ཏེ། ཤར་བྱང་བཟོ་ལས་རྟེན་གཞི་རྙིང་བ་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་སྐུལ་འདེད་འཕེལ་རྒྱས་དང་ཐོན་ལས་ལེགས་སྒྱུར་རིམ་འཕར་གྱི་གོ་སྐབས་དམ་འཛིན་བྱས་ནས། ཧུར་ཐག་སྒོས་ཁྱད་ཆོས་ལྡན་པའི་གསར་དར་ཐོན་ལས་ཚོགས་པ་ཆགས་པར་བྱེད་པ་དང་། རྒྱུན་མཐུད་ཀྱི་འགྲན་ཤུགས་དང་འདེགས་ཤུགས་ཀྱི་ཐོན་ལས་མ་ལག་ཆགས་པར་བྱེད་དགོས་པར་མ་ཟད། བཅོས་སྒྱུར་ཟབ་སྤེལ་བརྒྱུད་དེ་སྒྲིག་སྲོལ་རང་བཞིན་གྱི་བར་ཆད་བསལ་དགོས་པ་དང་བཟོ་ལས་རྟེན་གཞི་རྙིང་བའི་གསོན་ཤུགས་ཆེན་པོ་དར་སྤེལ་བྱེད་དགོས། དམངས་ཚིས་བྱ་བ་དེ་མང་ཚོགས་དང་འབྲེལ་ཐབས་མེད་པ་དང་མང་ཚོགས་ཀྱི་འཚོ་བ་དང་དེ་བས་ཀྱང་འབྲེལ་བ་དམ་པོ་ཡོད་པས། དམངས་ཚིས་བྱ་བ་ནམ་ཡང་དམ་འཛིན་བྱས་ཏེ་མང་ཚོགས་ལ་ཕན་པའི་དོན་དག་འཕྲོ་རིམ་འཕྲོར་བསྒྲུབ་པ་དང་དོན་དག་རེ་རེ་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད་མང་ཚོགས་ལ་འགྱུར་ལྡོག་དང་ཕན་ཁེ་མཐོང་དུ་འཇུག་དགོས་ཟེར། ཞི་ཅིན་ཕེན་གྱིས་ད་དུང་ཕྱོགས་སོ་སོའི་བྱ་བཟང་བོར་བསྒྲུབ་ན་ངེས་པར་དུ་ཆབ་སྲིད་ཀྱི་གནས་བབ་བཟང་བོ་ཞིག་ཡོད་དགོས་ཞེས་ནན་གྱིས་གསུངས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།