ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་ཚེས་བཅུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་པ་དང་། ཨུ་ཡོན་བཅུ་དྲུག་གིས་སྤྱི་ཚོགས་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྲུན་བརྗོད་བྱ་བྱས་ནས་གཏམ་བཤད།

ཉིན་དེའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུང་ཅན་ཧྭ་དང་ཝུན་ཀང་། ཧི་ཧིག་ཧྭ། ལུའུ་ཀྲན་ཀོང་། ཝང་ཅ་རོས། ཆི་ཞུའུ་ཁྲོན། ལིག་ཞོ་ཧྥུན་བཅས་ཡིན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཧན་ཆི་ཏི། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ཀྲང་ཆིན་ལིས། ལིས་ཧེ་ཧྥུན། ཁྲིན་ཡོན། ཀྲིག་ཞོ་ཁྲོན། ཝང་ཀྲིན་ཝེ། མ་པེའོ། ཁྲིན་ཞོ་ཀོང་། མ་ཕེ་ཧྭ། ཝང་ཆན་མེན་བཅས་གྲོས་ཚོགས་ལ་ཞུགས། ཧི་ཧིག་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ཏུ་ཨུ་ཡོན་ལིས་ཏུང་ཏུང་གིས་གསར་འགྱུར་པར་སྐྲུན་ལས་རིགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྐབས། སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ཧྥུའུ་ཧོས་མེན་གྱིས་ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། དང་བླངས་ཞབས་ཕྱིའི་བཅའ་ཁྲིམས་མྱུར་དུ་གཏན་འཁེལ་བྱེད་པ་དང་དང་བླངས་ཞབས་ཕྱིའི་འགྲོ་གྲོན་འགན་སྲུང་བྱེད་པ་སོགས་ཀྱི་གྲོས་གཞི་བཏོན།

ཨུ་ཡོན་པེན་ཅིན་ཕེན་གྱིས་ཨུ་ཡོན་དགུ་ཡི་ཚབ་བྱས་ཏེ་གཏམ་བཤད་སྐབས། སྲོལ་རྒྱུན་ཚོ་བ་སྲུང་སྐྱོབ་བྱེད་པ་དེ་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དང་མཁར་གྲོང་ཅན་དུ་བསྒྱུར་བ་དང་མཉམ་དུ་གཅིག་སྒྱུར་སྒོས་ལེགས་སྒྲིག་བྱེད་པ་དང་འཆར་འགོད་བྱེད་དགོས་ལ། ཁང་བ་བཤིག་པ་དང་འཛུགས་སྐྲུན་ཆེན་པོ་བྱས་པ་ལས་བཟོས་པའི་གསར་སྤེལ་རང་བཞིན་གྱི་གཏོར་བརླག་བརྟན་འགོག་བྱེད་རྒྱུ་ནི་དགོས་གལ་ཆེ་བའི་ལས་འགན་ཞིག་ཡིན་པའི་གྲོས་གཞི་བཏོན།

ཨུ་ཡོན་ལིག་མུའུ་རིན་གྱིས་གཏམ་བཤད་སྐབས། ཚོང་རའི་ནང་རྐྱེན་དང་འཚམ་པའི་ས་ཞིང་བསྡུ་ལེན་རིན་གོང་དཔྱད་འཇོག་ལམ་ལུགས་བཙུགས་ཏེ། ཞིང་བའི་ས་ཞིང་བསྡུ་ལེན་རྒྱུད་རིམ་ཁྲོད་ཀྱི་འབྲེལ་ཡོད་ཁེ་དབང་འགན་སྲུང་བྱེད་པ་དང་། ས་ཞིང་ཤོར་བའི་ཞིང་བ་རྣམས་རིམ་བཞིན་མཁར་གྲོང་སྡོད་དམངས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཁྲོད་དུ་འཇོག་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།

ཚོགས་ཐོག་ཏུ་ད་དུང་ཨུ་ཡོན་ལིག་ཞིན་དང་མ་ཏི་ཞིག ལིས་ཧྲི་མེན། ཧི་ཅོན་ཁི་སོགས་ཀྱིས་ཀྱང་ས་ཆ་རང་གི་གནས་ཚུལ་དང་འབྲེལ་ནས་གཏམ་བཤད་པ་དང་གྲོས་གཞི་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།