ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གསར་འགོད་པས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཆེན་གྱིས་གཏན་ལ་ཕབ་པའི་འཐུས་མིས་བཏོན་པའི་གྲོས་གཞི་མཚམས་འཇོག་པའི་དུས་ཚོད་དེ་ཚེས་བཅུ་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་བར་དུ། ཚོགས་ཆེན་དྲུང་ཡིག་ཁྲུའུ་གྲོས་གཞི་ཚན་ཆུང་ལ་འཐུས་ཚབ་ཚོགས་པ་དང་འཐུས་མིས་མཉམ་འབྲེལ་སྒོས་བཏོན་པའི་གྲོས་གཞི་ལྔ་བརྒྱ་དང་ཉེར་གཉིས་འབྱོར་པས། 2014ལོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་འཐུས་མིས་བཏོན་པའི་གྲོས་གཞི་བཞི་བརྒྱ་དང་རེ་བརྒྱད་ལས་གྲོས་གཞི་ང་བཞི་ཡིས་ཇེ་མང་དུ་སོང་ཡོད།

ཚོགས་ཆེན་དྲུང་ཡིག་ཁྲུའུ་གྲོས་གཞི་ཚན་ཆུང་གི་ཚན་གཙོ་ཀའོ་ཀྲིན་ཧྭ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། གྲོས་གཞི་ལྔ་བརྒྱ་དང་ཉེར་གཉིས་ནང་། ཁྲིམས་འཛུགས་ཕྱོགས་ཀྱི་གྲོས་གཞི་ལྔ་བརྒྱ་དང་བཅུ་གཅིག་དང་། ལྟ་སྐུལ་ཕྱོགས་ཀྱི་གྲོས་གཞི་བརྒྱད་ཡོད་ལ། ད་རུང་ཆོད་དོན་བྱ་བའི་སྐོར་གྱི་གྲོས་གཞི་ཁ་ཤས་ཡོད། ཀའོ་ཀྲིན་ཧྭ་ཡིས་བཤད་རྒྱུར། འཐུས་མིས་བཏོན་པའི་གྲོས་གཞིའི་ནང་དོན་ལ་དབྱེ་ཞིབ་ཐོག་མ་བྱས་པར་གཞིགས་ན། དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་དང་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར། ས་ཞིང་ལམ་ལུགས་བཅོས་བསྒྱུར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རིག་གནས་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་དང་དེར་ཁག་ཐེག་བྱེད་པ། བཅའ་ཁྲིམས་ནུས་ཡོད་སྒོས་ལག་བསྟར་བྱེད་པ་བཅས་ནི་འཐུས་མི་རྣམས་ཀྱིས་ཡིད་འཇོག་བྱེད་པའི་ཁྱབ་ཁོངས་གཙོ་བོ་ཡིན་པས། དེའི་ཐད་ལ་བཟོ་བཅོས་དང་གཏན་འཁེལ་བྱེད་པའི་སྐོར་གྱི་ཁྲིམས་ལུགས་ཀྱི་གྲོས་གཞི་མང་པོ་བཏོན་ཡོད། གྲོས་གཞི་ཁ་ཤས་ཀྱིས་རྒྱལ་ཁབ་བདེ་འཇགས་ཁྲིམས་སྐྱོང་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བྱ་བར་སྐུལ་འདེད་གཏོང་བར་དམིགས་ཏེ་འབྲེལ་ཡོད་ཁྲིམས་འཛུགས་ལས་གཞི་བཏོན་ཡོད་ཟེར།  

ཀའོ་ཀྲིན་ཧྭ་ཡིས་ད་ལོར་ཚོགས་ཆེན་དྲུང་ཡིག་ཁྲུའུ་གྲོས་གཞི་ཚན་ཆུང་གིས་བྱ་བའི་གོ་རིམ་སྔར་ལས་ཚད་ལྡན་དུ་བཏང་སྟེ། གྲོས་གཞིར་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་བྱ་བར་གཙིགས་འཛིན་བྱེད་རྒྱུའི་ཚུལ་བསྟན།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།