ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་ལ་ཞུགས་པ་དང་། ཨུ་ཡོན་བཅོ་ལྔ་ཡིས་ཆབ་སྲིད་འཛུགས་སྐྲུན་དང་འཐབ་ཕྱོགས་གཅིག་གྱུར། སྲིད་གྲོས་བཅས་ཀྱི་བྱ་བར་དམིགས་ནས་གཏམ་བཤད།

ཉིན་དེའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་ལིན་ཝུན་དབྱིས། ཀྲང་ཅིན་ལིས། ལིས་ཧེ་ཧྥུན། ཝང་ཀྲིན་ཝེ། ཁྲིན་ཞོ་ཀོང་། ཝང་ཆན་མེན་བཅས་ཡིན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཧན་ཆི་ཏི། ཏུང་ཅན་ཧྭ། ཝན་ཀང་། ལོ་ཧྥུའུ་ཧི། ཧི་ཧིག་ཧྭ། ཁྲིན་ཡོན། ལུའུ་ཀྲན་ཀོང་། ཀྲིག་ཞོ་ཁྲོན། ཝང་ཅ་རོས། མ་པེའོ། ཆི་ཞུའུ་ཁྲོན། མ་ཕེ་ཧྭ། ལིག་ཞོ་ཧྥུན་བཅས་གྲོས་ཚོགས་ལ་ཞུགས། ཀྲང་ཆིན་ལིས་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ཏུ་ཨུ་ཡོན་ཀྲུའུ་ཝེ་ཆོན་གྱིས་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། ཆོས་ལུགས་ལ་སྣེ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱེད་པ་ནི་ཡུན་རིང་ཞིང་གོ་རིམ་ལྡན་པ་དང་དཀའ་ཚེགས་ཆེ་བའི་བཟོ་སྐྲུན་ཞིག་ཡིན་པས། ཏང་སྲིད་ཆོས་ལུགས་ལས་ཁུངས་དང་ཆོས་ལུགས་ལས་རིགས། རིག་གཞུང་ལས་རིགས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་མཐུན་པར་བྱེད་པའི་ནང་དོན་དང་རེ་བ། ཐབས་ལམ་བཅས་རྒྱས་བཤད་བྱེད་པ་དང་ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཞེས་བཤད།

ཨུ་ཡོན་བུའུ་ཀྲི་མེན་གྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཏེ། སྲིད་གྲོས་གྲོས་མོལ་དམངས་གཙོ་ལ་སྐུལ་འདེད་གཏོང་བ་དང་། ལམ་ལུགས་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་དགོས་ཞེས་བཤད་པར་མ་ཟད། སྲིད་གྲོས་ལོའི་གྲོས་མོལ་བྱ་བའི་འཆར་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་གཏན་འཁེལ་བྱེད་པ་སོགས་ཀྱི་གྲོས་གཞི་བཏོན།

ཨུ་ཡོན་ཚོས་ཡུས་ཀྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྐབས། ཞིང་སྡེའི་བུད་མེད་ནི་ཞིང་ལས་ཐོན་སྐྱེད་ཀྱི་གཙོ་ཤུགས་དམག་དཔོན་ཡིན་ལ། མཛེས་པའི་ཞང་སྡེ་འཛུགས་སྐྲུན་མཁན་ཡང་ཡིན་ཞེས་བཤད་པར་མ་ཟད། ཞིང་སྡེའི་བུད་མེད་ཀྱི་ས་ཞིང་འགན་ལེན་བདག་གཉེར་དབང་ཆ་དང་ཐུན་མོང་གི་དཔལ་འབྱོར་ཕན་འབྲས་བགོ་བཤའི་དབང་ཆ་འགན་སྲུང་བྱེད་པ་སོགས་ཀྱི་གྲོས་གཞི་བཏོན།

ཚོགས་ཐོག་ཏུ་ད་དུང་ཨུ་ཡོན་ཀུང་ཧྥུའུ་ཝུན་དང་ལིག་ཁྲོན་ཧྲིན། ཝང་ཁྲང་ཅང་། ཁྲིན་ཀྲི་ལེ་སོགས་ཀྱིས་ཀྱང་ས་ཆ་རང་གི་གནས་ཚུལ་དང་འབྲེལ་ཏེ་གཏམ་བཤད་པ་དང་གྲོས་གཞི་བཏོན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།