ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་ཧྥོ་སློབ་གྲྭ་ཆེན་མོའི་སློབ་གཙོ་ཧྥུའུ་སི་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་ཧྥོ་སློབ་གྲྭ་ཆེན་མོའི་སློབ་གཙོ་ཧྥུའུ་སི་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་སློབ་གཙོ་ཧྥུའུ་སི་ཐི་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཧྥུའུ་སི་ཐི་ལ་གྲོལ་མ་ཐག་པའི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་མཚམས་སྦྱོར་མཛད། ཁོང་གིས་ནན་གྱིས་གསུངས་རྒྱུར། ང་ཚོས་བརྒྱ་ལོ་གཉིས་ཀྱི་འབད་འཐད་དམིགས་འབེན་གཏན་ལ་ཕབ་པ་དང་། དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་དང་མཐུན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་རྒྱུན་འཁྱོངས་བྱེད་པར་འབད་བརྩོན་བྱེད་དགོས། ན་ནིང་ངས་པེ་ཅིན་ནས་ཙུང་ཐུང་ཨོ་པཱ་མར་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་བར་རྣམ་པ་གསར་བའི་རྒྱལ་ཁབ་་ཆེན་མོའི་འབྲེལ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གཙོ་བོ་གཏན་འཁེལ་གསལ་བོ་བྱས་ཡོད། ད་ལོའི་ཟླ་དགུ་བར་ངས་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁའི་ལས་རིགས་སོ་སོའི་མི་སྣ་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་ཇུས་གཞི་ཆེན་མོར་གྲོས་བསྡུར་བྱེད་རྒྱུ་ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་མི་གཞུང་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དྲང་ཕྱོགས་ཀྱི་ནུས་ཚད་སྔར་ལས་མང་པོ་བསྐྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཧྥུའུ་སི་ཐི་ཡིས་བཤད་རྒྱུར། ཧ་ཧྥོ་སློབ་གྲྭ་ཆེན་མོས་ཀྲུང་གོའི་བར་ཡུན་རིང་གི་མཉམ་ལས་འབྲེལ་བ་གལ་ཆེན་བཙུགས་ཡོད་ལ། ཀྲུང་གོའི་སློབ་གསོ་ལས་རིགས་དང་ཚན་རྩལ་ལས་རིགས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།