རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཧྲུའུ་ཨར་ཚི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཧྲུའུ་ཨར་ཚི་དང་གྲོས་མོལ་མཛད།

ཀྲང་ཏི་ཅང་གིས་གསུངས་རྒྱུར། རྒྱལ་ཡོངས་དམངས་ཆེན་གྱིས་ཡོ་རོབ་གླིང་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད། གཅིག འབྲེལ་འདྲིས་དང་བརྗེ་རེས་ཇེ་མང་དུ་གཏོང་བ་དང་། དུས་བཅད་བརྗེ་རེས་ནང་རྐྱེན་བེད་སྤྱད་དེ་རིམ་པ་སོ་སོའི་གྲོས་མོལ་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཛའ་མཐུན་འགྲོ་འོང་ཐད་ལ་ནུས་པ་འདོན་དགོས། གཉིས། དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། ཧུར་ཐག་སྒོས་གྲོས་ཁང་གི་འགན་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གིས་ཕྱོགས་གཉིས་བར་གྱི་མཉམ་ལས་ཡིག་ཆར་སྔ་མོ་ནས་ཆོག་མཆན་འགོད་པར་རྒྱབ་སྐྱོར་བྱེད་དགོས་ལ། མི་སྣ་འགྲོ་འོང་ལ་སྟབས་བདེ་བཟོ་བར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། གསུམ། ཕན་ཚུན་ལ་རྒྱུས་ལོན་བྱེད་པར་བརྩི་འཇོག་བྱས་ཏེ། ཕ་རོལ་བས་རང་བདག་གདམ་གསེས་བྱེད་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་པ་དང་། བསམ་གཞིགས་གང་མང་གཏོང་བ་དང་མཉམ་ལས་ཀྱི་ཁྱོན་ཡོངས་ལ་ལྟ་ཞིབ་བྱེད་དགོས་ལ། ཕན་ཚུན་ལ་རྒྱུས་ལོན་བྱེད་པར་ཤུགས་བསྣན་ནས་མཉམ་ལས་ཀྱི་ཐུན་མོང་གི་ལྟ་ཚུལ་ཇེ་མང་དུ་གཏོང་དགོས་ཟེར།

ཧྲུའུ་ཨར་ཚི་ཡིས་བཤད་རྒྱུར། ཡོ་རོབ་གླིང་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་རྒྱ་ཆེར་སྤེལ་ཞིང་། འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།