ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཧྲུའུ་ཨར་ཚི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་ཧྲུའུ་ཨར་ཚི་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་གསུང་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་ལོན་པའི་ལོ་ཡིན། ཕྱོགས་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ཡུན་རིང་འཕེལ་རྒྱས་བྱུང་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་གི་འཕེལ་རྒྱས་དེ་སྣེ་མང་འཕེལ་རིམ་ཁྲོད་ཀྱི་ཆེས་གལ་ཆེ་བའི་གྲུབ་ཆ་ཞིག་ཏུ་བརྩི་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་ནི་དེང་སྐབས་འཛམ་གླིང་སྟེང་གི་ཆེས་གལ་ཆེ་བའི་སྟོབས་ཤུགས་ཡིན་པ་དང་ཕྱོགས་གཉིས་ཀྱི་བར་ལ་ཁེ་ཕན་གྱི་འབྲེལ་བ་ཟབ་མོ་ཡོད། ན་ནིང་བདག་གིས་ཡོ་རོབ་གླིང་ལ་འཚམས་འདྲི་བྱེད་པའི་སྐབས་སུ་ཕྱོགས་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་བར་ལ་ཞི་བདེ་དང་འཕར་སྣོན། བཅོས་བསྒྱུར། དཔལ་ཡོན་བཅས་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་འཛུགས་རྒྱུ་གཏན་འཁེལ་བྱས། དེང་སྐབས་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་དེ་དངོས་སུ་ཕྱོགས་གཉིས་ཀྱི་ཐུན་མོང་ལྟ་བུའི་རྨང་གཞིའི་སྟེང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གིས་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་ལོན་པ་དེ་མགོ་རྩོམ་ས་གསར་བར་བརྩི་བ་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་ལ་གྲུབ་འབྲས་ཐོབ་པར་སྔར་ལས་ལྷག་པའི་སྒོ་ནས་ཡར་སྐུལ་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་གསུང་རྒྱུར། ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་མཇུག་སྒྲིལ་མ་ཐག་ཡིན་པ་དང་ཉིས་སྟོང་བཅོ་ལྔ་ལོའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ང་ཚོས་ད་རུང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལ་ཞིབ་འཇུག་གཏན་འཁེལ་བྱས་ཡོད་ལ། འཆར་འགོད་གསར་བའི་ཁྲོད་དུ་ང་ཚོས་ཀྲུང་གོ་དང་ཡོ་རོབ་གླིང་མཉམ་ལས་ཐད་ཀྱི་མཐུན་ས་དང་གོ་སྐབས་གསར་བ་འཚོལ་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཧྲུའུ་ཨར་ཚི་ཡིས་བཤད་རྒྱུར། དེང་སྐབས་ཡོ་རོབ་གླིང་དང་ཀྲུང་གོའི་བར་ལ་ཐུན་མོང་གི་ཁེ་ཕན་མང་པོ་ཡོད་པར་མ་ཟད། གཅིག་མཚུངས་ཀྱི་གནད་དོན་དང་འགྲན་རྩོད་ལའང་འཕྲད་ཡོད། དེ་བས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་དང་སྲ་བརྟན་དུ་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཡོ་རོབ་གླིང་གིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཧུར་བརྩོན་སྒོས་ཤུགས་བསྣན་ཏེ། ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཞོར་དུ་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཝང་ཁྲིན་མཇལ་འཕྲད་ལ་ཞུགས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།