ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས19ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་སྔར་ལས་ལེགས་སྒྱུར་བྱེད་པའི་འཆར་གཞི་ཁྱབ་བསྒྲགས་བྱས་པ་དང་། 2015ལོ་ནས་བཟུང་། དུས་ཡུན་ལོ་ངོ་གསུམ་གྱི་རིང་མི་དམངས་མང་ཚོགས་ཀྱིས་ནད་སྟོན་པར་སྟབས་བདེ་དང་བདེ་འཇགས་ཡིན་པ། ནུས་ལྡན་དང་གསལ་བོ་ཡོང་བར་འབད་བརྩོན་བྱ་རྒྱུ་དང་། སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོའི་ངང་མཐོ་རུ་བཏང་ཞིང་། མི་དམངས་མང་ཚོགས་ཀྱིས་ནད་སྟོན་པའི་མྱོང་ཚོར་མངོན་གསལ་དོད་པོའི་ངང་ལེགས་སྒྱུར་དང་སྤྱི་ཚོགས་ཀྱི་འདོད་བློ་བསྐང་ཚད་མངོན་གསལ་དོད་པོའི་ངང་མཐོ་རུ་བཏང་སྟེ་སྨན་པ་དང་ནད་པའི་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་བྱ་སྤྱོད་ལས་མི་དམངས་མང་ཚོགས་ཀྱིས་ནད་སྟོན་པའི་མྱོང་ཚོར་ལེགས་སྒྱུར་བྱེད་པ་དེ་འགོ་ཚུགས་སར་བཟུང་ཤིང་། མི་དམངས་མང་ཚོགས་ཀྱིས་ནད་སྟོན་པའི་ཁྲོད་ལན་ཆ་འབུར་དུ་ཐོན་པའི་སྨན་བཅོས་ཞབས་ཞུའི་གནད་དོན་ལ་གཞིགས་ཏེ། བསྒྱུར་བཅོས་གཏིང་ཟབ་དང་ཞབས་ཞུ་ལེགས་སྒྱུར་ལ་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་ལེགས་བཅོས་དང་བརྒྱུད་རིམ་ལེགས་སྒྱུར། སྤུས་ཚད་མཐོ་འདེགས་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། འབྲེལ་འདྲེས་ལ་སྐུལ་འདེད་དང་ལམ་ལུགས་འཛུགས་སྐྱོང་བྱེད་པ། ཚན་རྩལ་སྡེབ་སྦྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མི་དམངས་མང་ཚོགས་ལ་བདེ་འཇགས་དང་ནུས་ལྡན། སྟབས་བདེ་དང་རིན་གོང་དང་འཚམ་པའི་གཞི་རྩའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།