ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་ཝང་ཡེ་༼网易༽སོགས་དྲ་ཚིགས་བཅུ་གཅིག་གི་ལེགས་སྒྲིག་བྱེད་པར་ཆོག་མཆན་གནང་རྗེས། 2014ལོའི་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུ་ཚན་པའི་ལོ་རེའི་ཞིབ་བཤེར་གྱི་ཚད་གཞི་ལོན་ཡོད་པ་རེད།

2014ལོའི་དྲ་རྒྱའི་གསར་འགྱུར་ཞབས་ཞུ་ཚན་པའི་ལོ་རེའི་ཞིབ་བཤེར་ནང་། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་ཝང་ཡེ་སོགས་གནད་དོན་ཅུང་མང་བའི་དྲ་ཚིགས་བཅུ་གཅིག་གི་ལོ་རེའི་ཞིབ་བཤེར་ནར་འགྱངས་བཏང་སྟེ་ཁྲིམས་ལྟར་ལེགས་སྒྲིག་བྱེད་དགོས་པ་མ་ཟད། ཉེན་བརྡ་དང་ཆད་པ་སོགས་བཅད་ཅིང་། དེ་ལས་གནད་དོན་མངོན་གསལ་དོད་པོ་ཡིན་པའི་ཝང་ཡེ་ལ་ཡོངས་བསྒྲགས་སུ་སྐད་ཆ་བྱས་ཏེ། ཝང་ཡེ་ཡིས་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབས་དང་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་སྒྲིག་སྲོལ་ཞེས་པ་ལྟར་ལེགས་སྒྲིག་བྱེད་དགོས་པ་མ་ཟད། ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཝང་ཡེ་སོགས་འབྲེལ་ཡོད་དྲ་ཚིགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཁྲིམས་འགལ་ངང་གསར་འགྱུར་བརྒྱུད་འགོད་དང་། དཀྲོག་གཏམ་དང་ཆགས་སྲེད། གཏུམ་སྤྱོད། འཇིགས་སྐུལ། རྒྱུ་ནོར་གཡོ་ལེན་སོགས་ཁྲིམས་འགལ་དང་ཆ་འཕྲིན་མི་ལེགས་པ་སྤེལ་བའི་གནད་དོན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་པ་མ་ཟད། འབྲེལ་ཡོད་འགན་ཁུར་བ་ཐག་གཅོད་བྱས་ཡོད་པ་རེད།

རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་ལས་དོན་ཅུད་ཀྱི་འགན་ཁུར་བས། དྲ་རྒྱའི་ཕྱོགས་བསྡུས་ལེགས་སྒྱུར་གྱི་ནུས་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ཞིང་། དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུ་ཚན་པའི་ཉིན་རེའི་ལྟ་སྐུལ་ཞིབ་བཤེར་དང་ཡིད་རྟོན་དཔྱད་འཇོག་ལ་ཤུགས་སྣོན་རྒྱག་པ་དང་། ཁ་བཅད་བྱས་ནས་ལས་དོན་གླེང་རྒྱུ་དེ་ལམ་ལུགས་ཅན་ཏུ་འགྱུར་བའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་བྱེད་སྒོ་སྔར་ལས་ཚུལ་མཐུན་ཅན་ཏུ་བཏང་ནས་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུ་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཅེས་གསུངས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།