ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས5པ་སྤྱི་ཚེས17ཉིན་པེ་ཅིན་དུ་འཚོགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་དབྱང་གིས་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིང་ཕིང་གི་ཉེ་དུས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་སྲིད་གཞུང་ལས་དོན་སྙན་ཞུའི་དབུལ་སྐྱོར་ལས་དོན་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། འགན་སེམས་དང་ཁ་ཚ་དགོས་གཏུག་གི་སེམས་པ་སྔར་བས་ཤུགས་ཆེར་གཏོང་བ། འབད་བརྩོན་ཧུར་ཐག་བྱེད་པ། དངོས་འཛིན་དངོས་སྒྲུབ། གནད་ལ་འཕིགས་པའི་དབུལ་སྐྱོར་དང་གནད་ལ་འཕིགས་པའི་དབུལ་འགྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤུས་ཚད་དང་གྲངས་འབོར་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ད་ལོ་སླར་ཡང་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ཡན་ཉུང་དུ་གཏོང་རྒྱུའི་དམིགས་འབེན་ལེགས་གྲུབ་བྱེད་དགོས་ཞེས་ནན་སྟོན་གནང་འདུག

ཝང་དབྱང་གིས། དུས་རིམ་གོང་མར་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་གནད་ལ་འཕིགས་པའི་སྒོ་ནས་ཤན་འབྱེད་བྱེད་པ་དང་ཡིག་ཚགས་དང་ཁ་ཤོག་བཟོ་རྒྱུ་ལེགས་གྲུབ་བྱུང་ཡོད། ད་ཆ་གྲུབ་འབྲས་དེ་བེད་སྤྱོད་གང་ལེགས་བྱས་ནས་ལོ་འཁོར་མོའི་དབུལ་ཕོངས་ཉུང་དུ་གཏོང་བའི་དམིགས་འབེན་ཁག་ཞིབ་ཕྲའི་དབུལ་ཕོངས་མི་འབོར་ཐོག་ཁག་བགོས་དོན་འཁྱོལ་བྱེད་པ་མ་ཟད་དབུལ་སྐྱོར་བྱ་ཐབས་དང་རྣམ་གྲངས་བཀོད་སྒྲིག མ་དངུལ་བེད་སྤྱོད་གཏོང་རྒྱུ་བཅས་འབྲེལ་བ་བྱེད་དགོས། བང་རིམ་བཞིན་དབུལ་སྐྱོར་འགན་འཁྲི་དོན་འཁྱོལ་བྱེད་པ་དང་ས་གནས་རིམ་ཁག་སྲིད་གཞུང་ནས་བཀའ་རྒྱ་བཀྲམ་ནས་ས་ཁུལ་དེ་གའི་གནད་ལ་འཕིགས་པའི་དབུལ་འགྲོལ་དམིགས་འབེན་དང་བླང་བྱ། འགན་འཁྲི་བཅས་གསལ་པོ་བཟོས་ནས་ལོ་མཇུག་ཏུ་རིམ་བཞིན་ལྟ་བསྡུར་ཞིབ་བཤེར་བྱེད་དགོས། དབུལ་ཕོངས་རྫོང་གི་དཔྱད་ཞིབ་བྱ་ཐབས་ལ་བསྒྱུར་བཅོས་བྱེད་པ་དང་དམིགས་ཚད་ཞིབ་ཕྲ་རུ་བཏང་ནས་དབུལ་ཕོངས་རྫོང་གིས་སེམས་ནུས་གཙོ་བོ་དབུལ་སྐྱོར་གསར་སྤེལ་ཐད་ཏན་ཏིག་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་འདུག

ཝང་དབྱང་གིས། དབུལ་སྐྱོར་འགག་གཏོར་འགག་རྩའི་དུས་རིམ་ལ་སླེབས་པ་དང་བསྟུན་ནས་དབུལ་སྐྱོར་གསར་སྤེལ་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་རྒྱག་པ་དང་དབུལ་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། དབུལ་སྐྱོར་གསར་སྤེལ་གྱི་གནས་བབ་ཧྲིལ་པོ་དང་རྒྱང་རིང་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་དབུལ་སྐྱོར་ལས་དོན་སྒྲིག་གཞི་སྔར་བས་འཐུས་སྒོ་ཚང་དུ་བཏང་ཐོག་དབུལ་སྐྱོར་དམིགས་འབེན་དེ་བས་ཁ་གསལ་བ་དང་བྱ་ཐབས་སྔར་བས་ནུས་ལྡན། བྱ་སྤྱོད་དེ་བས་ཕན་ནུས་ལྡན་པ་བཅས་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་འདུག  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།