ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་རྩོམ་སྒྲིག་བྱས་པའི་ཁྱོན་ཡོངས་བཞིའི་སློབ་སྦྱོང་ཀློག་དེབ་ཞེས་པ་དེ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་། རྒྱལ་ཡོངས་ཡི་ཁྱོན་དུ་འགྲེམ་སྤེལ་བྱས་ཡོད་པ་རེད།

ཚོགས་ཆེན་གཉིས་ཀྱི་གོང་དུ། མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོག་ཡིག་ཁྱོན་ཡོངས་བཞི་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་ཞེས་པའི་མུ་འབྲེལ་རྩོམ་ཡིག་སྤེལ་བར། སྤྱི་ཚོགས་ཡོངས་ཀྱི་ལས་རིགས་ཁག་གིས་དོ་སྣང་ཆེན་མོ་བྱས་ཤིང་། ཁྱོན་ཡོངས་བཞི་བཏོན་པ་དེས་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་སྤྱིའི་སྒྲོམ་གཞི་སྔར་བས་ཆ་ཚང་དང་ཉིན་རེར་ཇེ་ལེགས་སུ་འགྲོ་བ་མཚོན་ཡོད། ཁྱོན་ཡོངས་བཞི་ནི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཡིན་ལ། རྒྱལ་སྐྱོང་སྲིད་འཛིན་མངོན་པའི་གལ་ཆེའི་འཐབ་ཇུས་དགོངས་པའང་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་མ་ལག་ལ་ནང་དོན་གསར་པ་བསྣན་ཡོད་པ་དང་དུས་རབས་ཀྱི་ཁྱད་ཆོས་གསར་པའང་སྦྱིན་ཡོད་པ་རེད། དཔེ་དེབ་དེ་ཞིབ་བཤེར་ལྟ་ཀློག་བྱེད་མཁན་རིག་གཅིག་མཁས་པས་ཁྱོན་ཡོངས་བཞིའི་སློབ་སྦྱོང་ཀློག་དེབ་དེ་ནི་རིམ་པ་ཁག་གི་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཁྱོན་ཡོངས་བཞི་ལ་ངོས་འཛིན་ཡང་དག་དང་ནན་ཏན་གྱིས་ལག་བསྟར་བྱེད་པའི་གལ་ཆེའི་ཀློག་དེབ་ཞིག་རེད་ཅེས་གདེང་འཇོག་གནང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།