ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་སའི་མེ་འགོག་བྱ་བའི་གྲོས་ཚོགས་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་ཧི་ནན་ཞིང་ཆེན་ལའོ་ཧི་གྲོང་ཁྱེར་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བཀོད་དོན། ཞིང་གསུམ་བྱ་བ་བཟུང་བོར་སྒྲུབ་པ་ནི་ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་འབྱུང་བར་བྱེད་པ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཁེ་ཕན་བསྐྲུན་པ་བཅས་ཀྱི་རྒྱབ་རྟེན་གལ་ཆེན་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུ་ལས་གཏན་ལ་ཕབ་པའི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དེང་སྐབས་ཀྱི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། དཔྱིད་འདེབས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་སྟེ། ད་ལོའི་དབྱར་འབྲུ་དང་ཞིང་ལས་ཐོན་སྐྱེད་ལ་ལོ་ལེགས་འབྱུང་བར་ཧུར་ཐག་སྒོས་འབད་བརྩོན་བྱེད་དགོས་པ་དང་མཉམ་དུ། ནགས་ཚལ་དང་རྩྭ་སའི་མེ་འགོག་དང་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་དགོས། ཞིང་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བའི་རེ་བ་ལྟར། ཞིང་སྡེའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ། ཞིང་ལས་སྟོབས་ལྡན་དུ་གཏོང་བ་དང་ཞིང་བར་ཁེ་ཕན་བསྐྲུན་པ། ཞིང་བ་ཕྱུག་སྒྱུར་བྱེད་པ་བཅས་ཀྱི་སྲིད་ཇུས་སྣ་ཚོགས་འཐུས་ཚང་དུ་བཏང་སྟེ། འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བ་དང་། ཞིང་ལས་ཀྱི་ངལ་རྩོལ་ཐོན་སྐྱེད་ནུས་ཚད་ཇེ་ཆེར་གཏོང་བ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་བྱས་ནས། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།