ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་དམིགས་བསལ་ཆེད་མངག་ཕོ་ཉ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་དབྱང་ཁྲོན་ཐང་ཚེས་ཉེར་གཅིག་ཉིན་གདན་དྲངས་པ་ལྟར་ན་སྨི་པི་ཡའི་རྒྱལ་ས་ཝིན་ཏི་ཧི་ཁེ་ནས་བསྡུས་པའི་ན་སྨི་པི་ཡའི་གསར་དུ་བདམས་པའི་ཙུང་ཐུང་ཀུན་ཀི་པུའུ་ཡི་ལས་འཁུར་མཛད་སྒོ་དང་ན་སྨི་པི་ཡ་རང་བཙན་བྱས་ནས་ལོ་འཁོར་ཉེར་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པར་མ་ཟད། ཙུང་ཐུང་ཀུན་ཀི་པུའུ་ལ་ཐུག་འཕྲད་བྱས།

དབྱང་ཁྲོན་ཐང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཀུན་ཀི་པུའུ་ཡིས་ལས་འགན་འཁུར་བ་དང་ན་སྨི་པི་ཡ་རང་བཙན་བྱས་ནས་ལོ་འཁོར་ཉེར་ལྔ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས། དབྱང་ཁྲོན་ཐང་གིས་བཤད་རྒྱུར། ཀྲུང་གོ་དང་ན་སྨི་པི་ཡའི་བར་ཡུན་རིང་གི་སྲོལ་རྒྱུན་མཛའ་བཤེས་ལྡན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཉེར་ལྔ་ལོན་པའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས། ན་སྨི་པི་ཡ་ཕྱོགས་དང་མཉམ་ལས་དམ་པོ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་རྒྱུ་མ་ཟད། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ན་སྨི་པི་ཡའི་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཀུན་ཀི་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་དམིགས་བསལ་ཆེད་མངག་ཕོ་ཉ་ཆེད་དུ་ཁོའི་ལས་འཁུར་མཛད་སྒོར་ཞུགས་པར་བཀའ་དྲིན་ཞུས་པར་མ་ཟད། དབྱང་ཁྲོན་ཐང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕེན་ལ་བརྩེ་བའི་འཚམས་འདྲི་ཞུས། ཀུན་ཀི་པུའུ་ཡིས་ན་སྨི་པི་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ན་སྨི་པི་ཡ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས། ས་གནས་རྩ་འཛུགས་བཅས་ཀྱི་མགོ་གཙོ་དང་འཐུས་མི་ལྔ་བཅུ་ལྷག་ཙུང་ཐུང་ཀུན་ཀི་པུའུ་ཡི་ལས་འཁུར་མཛད་སྒོ་དང་ན་སྨི་པི་ཡ་རང་བཙན་བྱས་ནས་ལོ་འཁོར་ཉེར་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།