刘云山看望慰问北戴河暑期休假专家1.jpg

   ཟླ་བརྒྱད་པའི་ཚེས་ལྔ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད་པར་མ་ཟད་ཚང་མ་དང་བཞུགས་མོལ་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱ་ཆེའི་ཆེད་མཁས་པའི་ཤེས་ལྡན་མི་སྣ་རྣམས་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས།

刘云山看望慰问北戴河暑期休假专家2.jpg

刘云山看望慰问北戴河暑期休假专家3.jpg

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་ཟླ་བརྒྱད་པའི་ཚེས་ལྔ་ཉིན་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད་པར་མ་ཟད་ཚང་མ་དང་བཞུགས་མོལ་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱ་ཆེའི་ཆེད་མཁས་པའི་ཤེས་ལྡན་མི་སྣ་རྣམས་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས།

    ཆེད་མཁས་པ་གདན་དྲངས་ནས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཆེད་མཁས་པའི་ཤེས་ལྡན་མི་སྣར་མཐོང་ཆེན་དང་སེམས་ཁུར་བྱེད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན། 2001ལོའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་གཞུག་ཏུ་ཁག་བཅོ་ལྔར་བགོས་ཏེ་ཆེད་མཁས་པ་དང་རིག་གནས་པ་བརྒྱད་བརྒྱ་ལྷག་གདན་དྲངས་ཏེ་པེ་ཏེ་ཧི་ནས་ངལ་གསོ་བྱས། ད་ལོར་ངལ་གསོ་བྱ་འགུལ་ཁྲོད་ཞུགས་པའི་ཆེད་མཁས་པ་ང་བཞི་ཡོད།

    བཞུགས་མོལ་ཚོགས་འདུའི་སྟེང་། ནན་ཅིན་བཟོ་ལས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཨུག་ཡང་ཕེན་ཁེ་དང་།  ཀྲུང་གོ་མཁའ་འགྲུལ་ཚན་རྩལ་སྡེ་ཚོགས་ཀུང་ཟིའི་ཞིབ་འཇུག་པ་ཝང་བེ། ཀྲུང་གོ་ཚན་རིག་གླིང་ནུས་མཐོ་དངོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་དབྱི་ཧྥང་། ཧི་ནན་ཞིང་ཆེན་ཞིང་ལས་ཚན་རིག་གླིང་གི་ཞིབ་འཇུག་པ་ཀྲང་ཞིན་ཡི། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ཀའོ་ཕེས་ཡུན་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཚང་མས་རང་རང་གི་དོན་དངོས་དང་སྦྲེལ་ཏེ། གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞི་དང་བཀོལ་སྤྱོད་ཞིབ་འཇུག་ལ་ཤུགས་སྣོན་པ། ན་གཞོན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་བཅས་ཐད་ནས་གྲོས་གཞི་བཏོན།

    ལིག་ཡུན་ཧྲན་གྱིས་ཆེད་མཁས་པའི་འཐུས་མིའི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར།   གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་གནད་འགག་ནི་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་རྒྱུ་དེ་ཡིན་པས། རྒྱ་ཆེའི་ཆེད་མཁས་པའི་ཤེས་ལྡན་མི་སྣས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་། ཚན་རྩལ་ཡར་ཐོན་གྱི་རྗེས་འབྲང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་ཡར་སྐུལ་གཏོང་དགོས་པར་མ་ཟད། ཁོང་གིས་རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་བརྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་དང་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། འབྲི་ཆུ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཚན་རྩལ་ཞིབ་འཇུག་དང་གསར་སྐྲུན་བྱ་བ་བཟང་བོར་བསྒྲུབས་ནས། གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

    ལིག་ཡུན་ཧྲན་གྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་ལག་བསྟར་ནན་མོ་བྱས་ནས། ཡར་སྐུལ་ལམ་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣར་བྱ་བའི་ཁོར་ཡུག་བཟང་བོ་ཞིག་སྐྲུན་དགོས་ཞེས་ནན་གྱིས་གསུངས།

    ཀྲའོ་ལི་ཅི་འཚམས་འདྲིའི་བྱ་འགུལ་ཁྲོད་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།

འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།