ཞི་ཅིན་ཕེན་དར་དམར་རྟགས་ཅན་གྱི་རླངས་འཁོར་ལ་བཞུགས་ཏེ་དམག་དཔུང་གསུམ་ལ་གཟིགས་ཞིབ་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་སྤྱི་ཟླ9པའི་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད9པའི་ཐོག ཞི་ཅིན་ཕེན་གྱིས་སྐུ་ཟླ་ཕེང་ལིས་ཡོན་དང་ལྷན་དུ་ཏོན་མན་གྱི་ཕྱིའི་ཐང་ཆེན་དུ་དྲན་གསོའི་ཚོགས་ཆེན་ལ་ཕེབས་པའི་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཁོང་རྣམ་པའི་སྐུ་ཟླར་དགའ་བསུ་ཞུས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་ནི་ས་ཆ་དངོས་སུ་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཨང་དང་པོ་དེ་ཡིན་པ་དང་། ཁོང་གི་རྗེས་སུ། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕེའོ་ཅི་ཧུའེ་དང་། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་སོགས་ཕྱི་རྒྱལ་གྱི་འགོ་གཙོ་རྣམས་སྔ་ཕྱིར་ཕེབས་ཡོད་ཅིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལིས་ཡོན་རྣམ་གཉིས་ནས་ཁོ་ཚོ་དང་རེ་རེ་བཞིན་མཛའ་བརྩེའི་ཕྱག་གཏོང་རེས་གནང་ཡོད་པ་རེད།

ཆུ་ཚོད9དང་སྐར་མ25ཡི་ཐོག དྲན་གསོའི་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་། སྲིད་གཞུང་གི་མཐོ་རིམ་སྐུ་ཚབ། རྒྱལ་སྤྱི་དང་ས་ཁུལ་སྒྲིག་འཛུགས་ཀྱི་འགན་འཁུར་བ་སོགས་ཚང་མ་ཕེབས་འབྱོར་ཟིན་པ་མ་ཟད་མཉམ་དུ་སྐུ་པར་སྐྱོན་ཡོད་པ་རེད། སྔ་དྲོའི་ཆུ་ཚོད10པར། ལི་ཁེ་ཆང་གིས་དྲན་གསོའི་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད།

ཞི་ཅིན་ཕེན་དར་དམར་རྟགས་ཅན་གྱི་རླངས་འཁོར་ལ་བཞུགས་ཏེ་དམག་དཔུང་གསུམ་ལ་གཟིགས་ཞིབ་གནང་བ།

མེ་སྒྱོགས་ཀྱི་སྐད་སྒྲ70ཡི་ཁྲོད། རྒྱལ་དར་སྲུང་སྐྱོབ་རུ་ཁག་གིས་སྐར་ལྔའི་དར་དམར་ལ་སྲུང་སྐྱོབ་བྱེད་བཞིན་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ནས་ཐང་ཆེན་གྱི་དར་ཤིང་ཡོད་ས་བར་སྐྱོད་ནས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་། ས་ཆ་དངོས་སུ་རྒྱལ་གླུ་གྲགས་ཡོད་པ་རེད། དེ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་ཡོད་པ་རེད།

ཞི་ཅིན་ཕེན་དར་དམར་རྟགས་ཅན་གྱི་རླངས་འཁོར་ལ་བཞུགས་ཏེ་དམག་དཔུང་གསུམ་ལ་གཟིགས་ཞིབ་གནང་བ།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།