ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་བའི་ཚེས16ཉིན་གྱི་དགོང་མོ། ཀྲུང་གོའི་རིག་གནས་པུའུ་ཡིས་གཙོ་གཉེར་གནང་ཞིང་། ཧྲང་ཧེའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བའི་སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དེ་ཧྲང་ཧེའི་རིག་གནས་ཐང་ཆེན་དུ་འགོ་ཚུགས་པ་རེད།

སྐབས་འདིའི་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དེ་སྤྱི་ཟླ10པའི་ཚེས16ཉིན་ནས་སྤྱི་ཟླ11པའི་ཚེས16ཉིན་བར་གཉེར་རྒྱུ་ཡིན་ཞིང་། སྒྱུ་རྩལ་དུས་ཆེན་ཐོག་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་ཟློས་གར་ཁག46འཁྲབ་སྟོན་བྱ་རྒྱུ་དང་། རིག་རྩལ་འགྲེམ་སྟོན་ཆེ་གྲས་ཁག10གཉེར་རྒྱུ་ཡིན་པ་མ་ཟད། ཟློས་གར་ཁང་ཁག་ལ་འཁྲབ་སྟོན་ཆུང་གྲས100ལྷག་བྱ་རྒྱུ་ཡིན་པ་རེད།

ཧྲང་ཧའེ་རུ་ཡོད་པའི་ཡུ་ཐའེ་བ་ཞེས་པའི་རོལ་དབྱངས་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།

རྒྱལ་སྤྱིའི་རང་བཞིན་གྱི་གར་སྟེགས་དང་སྒྱུ་རྩལ་སྤེལ་རེས་འགྲེམ་སྟོན་སྟེགས་བུ་ཡིན་པའི་ངོས་ནས། སྤྱི་ལོ1999ལོར་སྐབས་དང་པོ་གཉེར་བ་ནས་བཟུང་ད་བར་ལོ་ངོ16ལྷག་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་པའི་ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དེ་ཕུལ་བྱུང་གི་བརྩམས་བྱ་འགྲེམ་སྟོན་བྱེད་པའི་སྟེགས་བུ་དང་རིག་གནས་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་སྟེགས་བུ། གཞོན་ནུ་ཤེས་ལྡན་པ་ཐོན་སའི་སྟེགས་བུ། སྒྱུ་རྩལ་བྱང་ཚད་གསོ་སྤེལ་བྱེད་སའི་སྟེགས་བུ་བཅས་ལ་འགྱུར་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད་པ་མ་ཟད། སྒྱུ་རྩལ་དུས་ཆེན་དེ་རིམ་བཞིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་སྒྱུ་རྩལ་དུས་ཆེན་ཞིག་ལ་གྱུར་ཡོད།

སྐྱོ་གླུ་ཞེས་པའི་པ་ལའེ་ཞབས་བྲོའི་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།

སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱི་འགོ་འཛུགས་མཛད་སྒོའི་ཐོག་འཛམ་གླིང་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞུ་ཆེད། རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་མཁས་པས་མཉམ་ལས་བྱས་ནས་བཏོན་པའི་རོལ་དབྱངས་ཟློས་གར་ཧྲང་ཧའེ་དུ་ཡོད་པའི་ཡུ་ཐའེ་བ་ཞེས་པ་དང་། སྲོལ་རྒྱུན་གྱི་མི་རིགས་ཁྱད་ཆོས་ལྡན་པ་མ་ཟད་དེང་དུས་ཀྱི་མཛེས་བཟོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་པ་ལའེ་ཞབས་བྲོའི་ཟློས་གར་སྐྱོ་གླུ་ཞེས་པ་གཉིས་ཧྲང་ཧེའི་རིག་རྩལ་གར་སྟེགས་ཀྱི་གསར་རྩོམ་བརྩམས་བྱ་ཡག་ཤོས་ཡིན་པའི་ངོས་ནས། ཐུན་མོང་ཐོག་སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱི་འགོ་འཛུགས་མཛད་སྒོའི་འཁྲབ་སྟོན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།