ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་པེ་ཅིན་ནས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2015ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་པེ་ཅིན་ནས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2015ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲང་ཀའོ་ལིས་ཚེས་དགུ་ཉིན་པེ་ཅིན་ནས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2015ལོའི་ལོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་ནས་ལྷད་མེད་འཕེལ་རྒྱས་ཀྱི་འདུ་ཤེས་མིའི་སེམས་སུ་འབབ་ཚད་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ངོས་འཛིན་གྱི་མཐོ་ཚད་དང་སྲིད་ཇུས་ཀྱི་ཤུགས་ཚད། ལག་ལེན་གྱི་གཏིང་ཟབ་ཚད་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བར་མ་ཟད་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་ཀྲུང་གོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་ཞིག་ཡིན་པས། ཀྲུང་གོས་མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་རྒྱུ་དང་། ལྷད་མེད་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་ཆགས་པར་བྱས་ནས། མི་དམངས་ཕྱུག་སྒྱུར་བྱེད་པ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ། ཀྲུང་གོ་མཛེས་སྡུག་ཏུ་སྒྱུར་བ་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་རྒྱུ་ཡིན། གཅིག་ནི་རྒྱལ་ཁོངས་བར་སྟོང་གསར་གཏོད་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། ནུས་ལྡན་ས་ཁུལ་གཙོ་བོ་ཇུས་འགོད་བྱེད་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཚན་རིག་དང་ལུགས་མཐུན་གྱི་གྲོང་ཁྱེར་ཅན་གྱི་རྣམ་པ་དང་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ། སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་སོགས་འཛུགས་སྐྲུན་བྱེད་དགོས་པ་དང་། གཉིས་ནི་ཐོན་ཁུངས་ཁྱོན་ཡོངས་ནས་གྲོན་ཆུང་དང་བཀོལ་སྤྱོད་བཟང་བོ་བྱེད་དགོས། གསུམ་ནི་ཁོར་ཡུག་བཅོས་སྐྱོང་གི་ཤུགས་ཚད་ཇེ་ཆེར་གཏོང་དགོས། བཞི་ནི་སྲུང་སྐྱོབ་བྱེད་རྒྱུ་སྔོན་ལ་འཛིན་པ་དང་། རང་བྱུང་སླར་གསོ་བྱེད་པ་གཙོ་བོར་འཛིན་དགོས། ལྔ་ནི་སྐྱེ་ཁམས་དཔལ་ཡོན་གྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས། དྲུག་ནི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས་ལ། ཀྲུང་གོས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་གི་ཕ་རེ་སི་ཚོགས་ཆེན་སྟེང་ཁྱོན་ཡོངས་དང་དོ་མཉམ། ནུས་ཤུགས་ལྡན་པ་བཅས་ཀྱི་གྲོས་གཞི་གསར་བ་ཞིག་ལ་གྲོས་མཐུན་འབྱུང་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ཀྱི་གནམ་གཤིས་བཅོས་སྐྱོང་བྱེད་པའི་གོ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ཞིག་ཏུ་བསྒྱུར་འདོད་ཡོད་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཡུན་རིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གིས་ཕུན་སུམ་ཚོགས་པའི་ཤེས་ལྡན་མི་སྣའི་ཐོན་ཁུངས་དང་། རྒྱལ་སྤྱི་དང་འཐབ་ཇུས་བསམ་ཕྱོགས་ལྡན་པའི་ཁྱད་སྟོབས་འདོན་སྤེལ་བྱས་ནས། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཐབ་ཇུས་ཀྱི་དགོས་མཁོ་ལ་ཁ་ཕྱོགས་ཏེ། ཁོར་ཡུག་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་རྒྱལ་སྤྱིའི་རིག་མཛོད་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ནས། ཀྲུང་གོ་དང་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་བཟང་བོ་འཇོག་པར་རེ་བ་བྱེད་ཀྱིན་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།