རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨུ་ལེ་པེ་ཀེ་རྡོ་རྗེ་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་དུ་ཨུ་ལེ་པེ་ཀེ་རྡོ་རྗེ་ལ་དགའ་བསུ་ཞུས་པའི་མཛད་སྒོར་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨུ་ལེ་པེ་ཀི་རྡོ་རྗེ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་མོང་གོལ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་འབྲེལ་བ་རྒྱུན་ཆད་མེད་པར་མདུན་དུ་འཕེལ་རྒྱས་དང་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་འཐད་པ་བྱུང་།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་བོ་དང་། གྲོགས་པོ་བཟང་བོ་ཡིན། དེང་སྐབས་ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བ་ལོ་རྒྱུས་སྟེང་ཆེས་བཟང་བོའི་དུས་སྐབས་སུ་གནས་ཡོད། ཀྲུང་གོ་དང་མོང་གོལ་གཉིས་ཀྱིས་ཁྱོན་ཡོངས་ནས་འཐབ་ཇུས་གྲོགས་པོ་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན་ཞིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ནམ་ཡིན་ཡང་ཀྲུང་གོ་དང་མོང་གོལ་འབྲེལ་བ་དེ་ཀྲུང་གོའི་མཐའ་འཁོར་གྱི་ཕྱི་འབྲེལ་བྱ་བའི་གོ་གནས་གལ་ཆེན་དུ་བཞག་ཡོད།ཀྲུང་གོ་ཕྱོགས་ཀྱིས་རང་བཙན་དང་། རང་བདག ཁྱབ་ཁོངས་ཆ་ཚང་བཅས་ཀྱི་བྱ་བར་བརྩི་སྲུང་བྱེད་པ་དང་། མོང་གོལ་རྒྱལ་ཁབ་མི་དམངས་རང་གིས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བརྩི་སྲུང་བྱེད་ངེས་ཡིན་ཟེར། ཕྱོགས་གཉིས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། མཉམ་ལས་མཉམ་རྒྱལ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་བྱ་བ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་དང་མཐོ་རིམ་འགྲོ་འོང་གི་གནས་བབ་སྲུང་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་སྡེ་ཁག་སོ་སོ་དང་། གྲོས་ཁང་། སྲིད་ཏང་བཅས་ཀྱི་བརྗེ་རེས་བྱ་བར་ཤུགས་བསྣན་ནས། རྒྱུན་ཆད་མེད་པར་ཕན་ཚུན་བར་གྱི་ཡིད་ཆེད་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་དུ་སྤེལ་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་བྱ་བ་རྒྱ་བསྐྱེད་དེ། མི་སྣ་འགྲོ་འོང་བྱ་བ་ཡར་སྐུལ་བྱེད་དགོས། ཀྲུང་གོ་དང་མོང་གོལ་གཉིས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་གྱི་གྲོས་འགོ་བཏོན་པ་དང་མོང་གོལ་རྩྭ་ཐང་གི་ཚོང་ལམ་གྱི་གྲོས་འགོ་བཏོན་པའི་འབྲེལ་མཐུད་བྱ་བ་སྐུལ་འདེད་གཏོང་བར་ཐུན་མོང་གི་ལྟ་བ་བྱུང་ཞིང་། ཕྱོགས་གཉིས་ཀྱིས་ལས་གཞི་དངོས་སྐུལ་འདེད་གཏོང་དགོས་པའི་ཞོར་དུ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་གྲོས་མཐུན་འགོད་པར་གྲོས་བསྡུར་བྱས་ཆོག ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་དང་མཉམ་དུ་མུ་མཐུད་དུ་གཏེར་ཐོན་ཐོན་ཁུངས་གསར་སྤེལ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། དངུལ་ལོར་མཉམ་ལས་བཅས་ཀྱི“སྣེ་གསུམ་གཞི་གཅིག་དང་། གཅིག་གྱུར་འཆར་འགོད”འཐེན་པའི་ཐུན་མོང་གི་ལྟ་བ་གལ་ཆེན་ལྟར་དུ། བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་ལས་གཞི་ཆེན་མོའི་མཉམ་ལས་ལ་སྐུལ་འདེད་བྱས་ནས་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ལེན་པར་བརྩོན་ལེན་བྱེད་འདོད་ཡོད་ཟེར།

ཨུ་ལེ་པེ་ཀི་རྡོ་རྗེ་ཡིས་བསྟན་དོན། མོང་གོལ་ཕྱོགས་ཀྱིས་མོང་གོལ་དང་ཀྲུང་གོ་གཉིས་ཀྱིས་ཁྱོན་ཡོངས་ནས་འཐབ་ཇུས་གྲོགས་པོ་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཤུགས་རྒྱག་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། རེབ་འདིའི་འཚམས་འདྲི་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་མོང་གོལ་དང་ཀྲུང་གོའི་མཛའ་མཐུན་གྲོགས་པོ་འབྲེལ་བ་གོང་འཕེལ་དུ་གཏོང་བ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་བྱེད་ཕྱོགས་གལ་ཆེན་དུ་བརྩིས་ནས། ཀྲུང་གོ་དང་མཉམ་དུ་མཐོ་རིམ་དང་ཁྲིམས་འཛུགས། རྒྱལ་སྲུང་། ཞི་བདེ་སྲུང་སྐྱོང་སོགས་ཁྱབ་ཁོངས་སོ་སོའི་འགྲོ་འོང་འབྲེལ་བ་སྲུང་འཛིན་བྱས་ནས། ཕྱོགས་གཉིས་ཀྱི་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ཇེ་ཟབ་དུ་གཏོང་འདོད་ཡོད་ཟེར།

མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཞིང་ཕྱུགས་ལས་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་བཅས་ཀྱི་ནད་ཡམས་བརྟག་ཞིབ། རིག་གནས་དང་སློབ་གསོ་། ཚན་རིག་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན། གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་དཔལ་འབྱོར་ལག་རྩལ་དང་། ཟས་རིགས་བདེ་འཇགས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། མཁའ་སྐྱོད། ནུས་ཁུངས། དངུལ་ལོར་སོགས་ཁྱབ་ཁོངས་་ཀྱི་མཉམ་ལས་ཡིག་ཆ་འགོད་པར་ གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་དུ་ཨུ་ལེ་པེ་རྡོ་རྗེ་ལ་དགའ་བསུ་ཞུ་པའི་མཛད་སྒོར་བསྡུས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།