ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི་ཆའོ་ཏུའུ་ལི་དང་གྲོས་མོལ་མཛད།

ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི་ཆའོ་ཏུའུ་ལི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་གྱི་ཀྲུའུ་ཞི་ཆའོ་ཏུའུ་ལི་དང་གྲོས་མོལ་མཛད།

ཀྲང་ཏི་ཅང་གིས་ཐོག་མར་ད་ལོར་བསྡུས་པའི་འཛམ་གླིང་གྲོས་དཔོན་ཚོགས་ཆེན་ཐེངས་བཞི་བ་བསྡུས་པའི་གནས་ཚུལ་ལ་སྤྱི་བསྡོམས་མཛད། ཁོང་གིས་གསུངས་རྒྱུར། གྲོས་ཁང་མནའ་འབྲེལ་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གཞི་ཁྱོན་ཆེས་ཆེ་ཞིང་ཤུགས་རྐྱེན་གཏིང་ཟབ་པའི་རྒྱལ་སྤྱིའི་གྲོས་ཁང་རྩ་འཛུགས་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་གྲོས་ཁང་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། མུ་མཐུད་དུ་གྲོས་ཁང་མནའ་འབྲེལ་གྱི་བྱ་བའི་ཁྲོད་ཞུགས་པ་དང་དེར་རྒྱབ་སྐྱོར་ཆེན་པོ་བྱེད་འདོད་ཡོད་ཟེར།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཐེངས་འདིའི་གྲོས་དཔོན་ཚོགས་ཆེན་དང་གྲོས་ཁང་མནའ་འབྲེལ་གྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནད་དོན་ལ་ཧ་ཅང་མཐོར་ཆེན་བྱེད་ཀྱིན་ཡོད། ད་ལོའི་ཟླ་དགུ་བར་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པར་ཞུགས་ཏེ། གྲུབ་འབྲས་གལ་ཆེན་མང་པོ་བླངས་པ་དང་། དེའི་ནང་འཕེལ་རྒྱས་མཐོ་རིམ་གྲོས་ཚོགས་སྟེང་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་གྲོས་འཆམ་བྱུང་སྟེ། མ་འོང་བའི་ལོ་བཅོ་ལྔའི་རིང་གི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དང་འཛམ་གླིང་འཕེལ་རྒྱས་ཀྱི་མཉམ་ལས་ལ་མཛུབ་སྟོན་བྱེད་རྒྱུ་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་བའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གྲོས་གཞི་ལས་ཀྲུང་གོ་རང་འགུལ་གྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲོད་ཞུགས་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད་ཟེར།

ཀྲང་ཏི་ཅང་གིས་ཀྲུང་གོ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གྲོས་ཁང་མནའ་འབྲེལ་བར་གྱི་མཉམ་ལས་ཇེ་དམ་དུ་གཏོང་བ་དང་། འཕེལ་རྒྱས་གྲོས་རིམ་མངོན་འགྱུར་བྱེད་པར་དྲང་བདེན་དང་སྒོ་འབྱེད། ཁྱོན་ཡོངས། གསར་སྐྲུན་བཅས་ཀྱི་འཕེལ་རྒྱས་བགྲོད་ལམ་ཞིག་གསར་གཏོད་བྱེད་པར་མཉམ་དུ་འབད་བརྩོན་བྱེད་འདོད་པའི་ཚུལ་བསྟན།

ཆའོ་ཏུའུ་ལི་ཡིས་ཀྲུང་གོ་ཕྱོགས་ཀྱིས་གྲོས་ཁང་མནའ་འབྲེལ་བྱ་བར་རྒྱབ་སྐྱོར་བྱེད་པ་དང་འཛམ་གླིང་གྲོས་དཔོན་ཚོགས་ཆེན་ཐེངས་བཞི་བ་ཕུན་སུམ་ཚོགས་པའི་ངང་ཚོགས་པར་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། གྲོས་ཁང་མནའ་འབྲེལ་གྱིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་མཉམ་ལས་ཇེ་དམ་དུ་གཏོང་བ་དང་། རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།