པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། ཡུས་ཀྲིན་ཧྲིན་གྱིས་ཧྭ་ཧིན་རྫོང་ཕེ་ལིའོ་ཞང་ཀྲི་ཨར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ནས་མང་ཚོགས་དང་གླེང་མོལ་བྱེད་པའི་ཚུལ་རེད།

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། ཡུས་ཀྲིན་ཧྲིན་གྱིས་ཞང་ཞི་མི་རིགས་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མ་རྣམས་དང་སྙིང་ཉེ་བའི་ངང་གསུང་གླེང་མཛད་པའི་ཚུལ་རེད།

པར་འདི་ནི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། ཡུས་ཀྲིན་ཧྲིན་གྱིས་ཞང་གྲོང་ཁ་ཤས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་དབུལ་ཕོངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་བཞུགས་མོལ་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉེ་ལམ་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་ནན་གྱིས་གསུངས་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ནས། གསར་སྐྲུན་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཅངས་པ་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་ཕྱུག་བསྒྱུར་ལག་བསྟར་བྱེད་པ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། མི་རིགས་ས་ཁུལ་གྱིས་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། ཡུས་ཀྲིན་ཧྲིན་ཧུའུ་ནན་ཞིང་ཆེན་གྱི་ཞང་ཞི་ཐུའུ་ཅ་རིགས་དང་མའོ་རིགས་རང་སྐྱོང་ཁུལ་གྱི་བཟོ་གྲྭ་དང་ཁེ་ལས། མི་རིགས་སྡེ་བ། སློབ་གྲྭ སྨན་ཁང་བཅས་སུ་ཕེབས་ཏེ། མི་རིགས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཐད་ལ་གཟིགས་ཞིབ་མཛད།

ཞང་ཞི་ཁུལ་ནི་གསར་བརྗེ་གནས་རྙིང་ས་ཁུལ་ཡིན་ལ། མི་རིགས་དང་དབུལ་ཕོངས་ས་ཁུལ་ཞིག་ཀྱང་ཡིན་པས། མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ལས་འགན་ཧ་ཅང་ལྗིད། ཅེ་པའོ་རྒྱུན་མཁོའི་རྫས་འགྱུར་བཟོ་གྲྭ་དང་ཨོ་ཞིན་ནུས་ཁུངས་གསར་བའི་རླངས་འཁོར་བཟོ་གྲྭ ལའོ་ཏིའུ་ཞིང་ལས་ཚན་རྩལ་གསར་སྤེལ་སོགས་ཁེ་ལས་ནས་ཁོང་གིས་ཁེ་ལས་ཀྱི་ཐོན་སྐྱེད་དང་བདག་གཉེར། ལག་རྩལ་གསར་སྐྲུན། ཐོན་རྫས་ཞིབ་འཇུག་གསར་སྤེལ་བཅས་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་འབྲེལ་བ་ཡོད་པས། གསར་སྐྲུན་ཡར་སྐུལ་གྱི་འཕེལ་རྒྱས་འཐབ་ཇུས་ཧུར་ཐག་སྒོས་ལག་བསྟར་བྱས་ནས། ཁེ་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤོར་བར་རྒྱབ་སྐྱོར་བྱས་ཏེ། སྤུས་ཚད་སྔར་ལས་བཟང་ཞིང་། ལས་ཆོད་སྔར་ལས་ཆེ་བ་དང་སྔར་ལས་དྲང་གཞག སྔར་ལས་རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

མི་རིགས་ས་ཁུལ་མང་ཚོགས་ཀྱི་དབུལ་ཐར་གནད་དོན་ནི་ཡུས་ཀྲིན་ཧྲིན་གྱིས་ནམ་ཡང་དེར་ཐུགས་ཁུར་བྱེད་པའི་དོན་དག་ཅིག་ཡིན། ཁོ་རང་ཧྭ་ཧིན་རྫོང་ཕེ་ལིའོ་ཞིང་ཀྲི་ཨར་སྡེ་བར་ཕེབས་ཏེ། དབུལ་སྐྱོར་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད་པར་མ་ཟད་དབུལ་ཕོངས་ཁྱིམ་ཚང་དུ་ཕེབས་ནས་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་འགན་སྲུང་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་པར་མ་ཟད། སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་དེ། ཡུས་ཀྲིན་ཧྲིན་གྱིས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་གྲངས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་དམ་པོ་བྱས་ནས། མང་ཚོགས་ཀྱི་རེ་འདུན་དང་མཐུན་པའི་དོན་དག་ཁ་ཤས་བསྒྲུབ་དགོས་ལ། རྨང་གཞིའི་སྒྲིག་ཆས་དང་སྨན་བཅོས། རྒན་གསོ་བཅས་རིགས་སོ་སོའི་མང་ཚོགས་ཀྱིས་ཧ་ཅང་སེམས་ཁུར་བྱེད་པའི་གནད་དོན་ཁ་ཤག་ཐད་གཅོད་བཟང་བོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་རྣམས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་གསུངས།

གཟིགས་ཞིབ་མཛད་སྐབས། ཡུས་ཀྲིན་ཧྲིན་གྱིས་སོ་སོར་ཞང་ཞི་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། ཞང་གྲོང་ཁ་ཤས་ཀྱི་ཏང་ཨུའི་ཧྲུའུ་ཅི། དབུལ་ཕོངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དབུལ་སྐྱོར་དབུལ་ཐར་བྱ་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད། ད་རུང་ཞང་ཞི་ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་ལ་འཚམས་འདྲི་མཛད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།

ལིག་ཡུན་ཧྲན་གྱིས་པེ་ཏེ་ཧི་ནས་དབྱར་ཁར་ངལ་གསོ་བྱེད་བཞིན་པའི་ཆེད་མཁས་པ་རྣམས་ལ་འཚམས་འདྲི་མཛད།