ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་མཱ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཚེས་ཉི་ཤུའི་ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཅི་ལུང་ཕོ་ཡི་ཞོའེ་པང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ཞིང་། ཁོང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ། ཨེ་ཤ་ཡ་ཤར་མའི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བ་བཅས་ལ་ཞུགས་རྒྱུ་མ་ཟད། མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་མཱ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པུའུ་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཅི་ལུང་ཕོ་ཡི་ཞོའེ་པང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ཞིང་། ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དང་། ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ། ཨེ་ཤ་ཡའི་ཤར་མའི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བར་ཞུགས་རྒྱུ་མ་ཟད། མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་མཱ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པུའུ་ཡིས་གདན་དྲངས་བ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་ཉི་ཤུའི་ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཅི་ལོ་ཕོར་ཞོའེ་པང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་ཞིང་། ཁོང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ། ཨེ་ཤ་ཡ་ཤར་མའི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བ་བཅས་ལ་ཞུགས་རྒྱུ་མ་ཟད། མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད།

མཱ་ལེ་ཞི་ཡའི་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་ལེའོ་ཀྲུང་ལེ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དང་། མཱ་ལེ་ཞི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་ཧོང་ཧོས་ཁང་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཞུའུ་པུའུ་སོགས་ཀྱིས་གནམ་གྲུ་ཐང་ནས་བསུ་བ་ཞུས།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ལས་དབང་འདྲ་ཞིང་། ཁེ་ཕན་འདྲ་ལ། བརྩེ་སེམས་ཀྱང་གཅིག་ཏུ་འབྲེལ་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཐུན་མོང་ཚོགས་པ་དངོས་སུ་བཙུགས་ཟིན་པས། ཁྱབ་ཁོངས་གཞི་གཅིག་ཅན་གྱི་བརྒྱུད་རིམ་ཁྲོད་དུ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། ངས་གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་འཕེལ་རྒྱས་ཆེན་མོར་གྲོས་བསྡུར་བྱས་ནས། མཉམ་ལས་ཀྱི་ཐུན་མོང་གི་ལྟ་བ་གཅིག་གྱུར་བྱེད་པ་དང་། མཉམ་དུ་ས་ཁུལ་དང་ཞི་བདེའི་བརྟན་འཇགས་དང་། དར་རྒྱས་གོང་འཕེལ་གྱི་ཁོར་ཡུག་བཟང་བོར་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་གཏོང་ས་ཤིག་སྐྲུན་ཐུབ་རྒྱུའི་རེ་སྒུག་བྱས་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་མཱ་ལེ་ཞི་ཡ་བར་དུ་ཡུན་རིང་གི་མཛའ་མཐུན་འབྲེལ་བ་ཡོད། ད་ཐེངས་ནི་ངས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཡི་འགན་ཁུར་རྗེས་མཱ་ལེ་ཞི་ཡར་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན། ངས་མཱ་ལེ་ཞི་ཡའི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་མཱ་ལེ་ཞི་ཡ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་གཏིང་ཟབ་དུ་སྤེལ་བའི་ཐད་བསམ་ཚུལ་བརྗེ་རེས་བྱས་ཏེ། ཀྲུང་གོ་དང་མཱ་ལེ་ཞི་ཡའི་གཉིས་ཕན་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཏེ། ཁྱབ་ཁོངས་མཉམ་ལས་ལ་གྲུབ་འབྲས་གསར་བ་ལེན་པའི་རེ་སྒུག་བྱས་ཡོད་ཟེར།

འཚམས་འདྲིའི་སྐབས་སུ། ལིས་ཁི་ཆང་གིས་མཱ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་གྲོས་མོལ་མཛད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་འགོད་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་རྒྱུ་ཡིན་ལ། ཀྲུང་གོ་དང་མཱ་ལེ་ཞི་ཡའི་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་རྒྱུ་མ་ཟད་གཏམ་བཤད་སྤེལ་རྒྱུ་ཡིན་པ་དང་། ད་རུང་མཱ་ལེ་ཞི་ཡའི་ལས་རིགས་སོ་སོའི་མི་སྣ་དང་བརྗེ་རེས་མཛད་རྒྱུ་ཡིན་ལ་མཱ་ལིག་ཅ་ཀྲིག་ཏུ་འཚམས་འདྲི་མཛད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཅི་ལུང་ཕོར་ཐོན་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།