རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ལཱ་པ་ཉི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ལཱ་པ་ཉི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་རེ་བཞིའི་རིང་ལ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་བརྩི་བཀུར་དང་། ཕན་ཚུན་བར་ཡིད་ཆེས་བྱས་པ་དང་། ཕན་ཚུན་བར་གྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཆབ་སྲིད་ཀྱི་ཡིད་ཆེས་ཆེན་པོས་ཕྱོགས་ཡོངས་ནས་མཉམ་ལས་སྤེལ། ད་ལོའི་ཟླ་བཞི་བར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཕ་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་དེ་གྲུབ་འབྲས་ཆེན་པོ་བླངས་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་ལྟ་བགཅིག་མཐུན་བྱུང་། རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་མཛའ་བཤེས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་ནུས་ཁུངས། འགྲིམ་འགྲུལ་བཅས་ཀྱི་རྨང་གཞི་སྒྲིག་ཆས་དང་། འཇིགས་སྐུལ་ལ་ངོ་རྒོལ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕ་ཁི་སི་ཐན་གྲོས་ཁང་གིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ཇེ་བཟང་དུ་གཏོང་བ་སོགས་ཐད་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ལཱ་པ་ཉི་ཡིས་བཤད་རྒྱུར། ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་གོང་འཕེལ་དུ་གཏོང་རྒྱུ་ནི་ཕ་ཁི་སི་ཐན་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞི་ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལིས་ཁི་ཆང་ཅི་ལུང་ཕོར་ཐོན་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་པེ་ཅིན་ནས་སྐུ་གཤེགས།

ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སྤེལ་བ།